From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
འཇའ་ (1)
| Part of speech
|
མིང་ཚིག
|
| Definition
|
ཁ་དོག་ཁྲ་བོའི་འཇའ་ཚོན་གྱི་མིང་སྟེ། ཉི་འོད་རླངས་པ་དང་སྤྲིན་པར་ཕོག་ནས་ཤར་བའི་མདངས།
|
| Keyword
|
True
|
| Example
|
ཆར་བབས་རྗེས་ནམ་མཁར་འཇའ་ཤར། ཁང་པའི་ཐོག་འཇའ་ཤར་ལྟ་བུ།
|
| Synonyms
|
འཇའ་ཚོན། གཞའ་ཚོན། འཇའ་བརྙན། འཇའ་རིས། གཞའ་རིས། དྲང་འཁྱོག དབང་པོའི་གཞུ། ལྷ་རྒྱལ་མཚོན་ཆ། ལྷ་ཡི་ཚོན་རིས། བརྒྱ་བྱིན་མཚོན་ཆ། བརྒྱ་བྱིན་གཞུ། དབང་གཞུ། དབང་པོའི་མཚོན་ཆ། དབང་པོའི་ཤིང་བལ། འོད་ལྔ་པ། སོས་ཀ་བཞད།
|
འཇའ་ (2)
| Part of speech
|
མིང་ཚིག
|
| Definition
|
ཁང་པའི་ཐོག་ཡར་འདེགས་བྱེད་ཀྱི་འགྱོགས་ཀྱི་མིང་།
|
| Example
|
ཁང་རྙིང་གི་ཀ་བའི་ཟུར་ལ་འཇའ་རྒྱག་པ་ཞེས་པ་ལྟ་བུ།
|
འཇའ་ (3)
| Part of speech
|
མིང་ཚིག
|
| Definition
|
ལྷམ་གྱི་སྣ་རྟིང་ལ་བཏང་བའི་འགོ་སྣམ་ཚོས་སྣ་བསྒྲིགས་པ་དང༌། ཐང་གའི་གོང་གཤམ་ལ་བཏང་བའི་གོས་ཆེན་ཚོས་སྣ་བསྒྲིགས་པ་སོགས་ཀྱི་མཛེས་རྒྱན་ཏེ།
|
| Example
|
ལྷམ་གྱི་སུམ་འཇའ། ཐང་ག་རྙིང་པའི་གོང་གཤམ་གྱི་འཇའ་ནོགས་མི་འདུག་ཅེས་པ་ལྟ་བུ།
|
འཇའ་ (4)
| Part of speech
|
མིང་ཚིག
|
| Definition
|
ཁེངས་པ་བསྐྱུངས་པ་དང་ང་རྒྱལ་མི་བྱེད་པ།
|
| Type
|
བརྡ་རྙིང་།
|