64585

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 14:56, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་རྙེད་ཕྲག་བཅུ་ (1)
Part of speech མིང་ཚིག
Definition ཀུན་ཏུ་བཟང་པོའི་ཏིང་འཛིན་དང་། རྣམ་འཕྲུལ་རབ་བྱུང་གི་ལེའུ་གསུམ་པ་ལས་བྱུང་བ་སྟེ། ༡ དེ་བཞིན་གཤེགས་པའི་བྱིན་གྱི་རླབས་དང་ཆོས་ཉིད་རབ་ཏུ་ཐོབ་པ། ༢ སེམས་ཅན་རྣམས་ཀྱི་ལས་ཀྱི་ཚོགས། ༣ བྱང་ཆུབ་སེམས་དཔའ་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་དུ་ཡང་དག་པར་སྒྲུབ་པའི་ཆོས་ཉིད། ༤ སེམས་ཅན་རྣམས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་དག་དང༌། བསོད་ནམས་ཀྱི་རྩ་བ་སྐལ་པ་མཐུན་པ་བསགས་པ། ༥ བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞིང་ཡོངས་སུ་དག་པའི་སྨོན་ལམ་གྱི་ཁྱད་པར། ༧ བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པས་རྣམ་པར་བསྒྲུབས་པའི་སྨོན་ལམ་གྱིས་མངོན་པར་བསྒྲུབས་པ། ༨ བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའི་དབང་རྣམ་པར་དག་པ། ༩ དེ་བཞིན་གཤེགས་པ་རྣམས་ཀྱི་དགེ་བའི་རྩ་བ་འཇིག་རྟེན་ལས་འདས་པ་དང་རྒྱུ་མཐུན་པས་མངོན་པར་འཚང་རྒྱ་ཞིང་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཁྱུ་མཆོག་གི་མཐུ་དབྱུང་བ། ༡༠ བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་རྣམས་ཀྱི་སྨོན་ལམ་གྱིས་རྣམ་པར་འཕྲུལ་པའི་སྒོའོ། །
Domain ཆོས་ལུགས།