64831

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 14:57, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འཇིགས་བྱེད་ཀྱི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། འཇིགས་བྱེད་ཀྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་རེ་ལྔ་བ་ཡིན། བརྗོད་བྱ་ནི། རང་ཉིད་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པར་གསལ་ཞིང་རྭ་རྩེ་སེམས་འཛིན་གྱིས་བདེ་སྟོང་བསྐྱེད་པའི་རིམ་པ་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། རྡོ་རྗེ་འཇིགས་བྱེད་ཡེ་ཤེས་མཁའ་འགྲོ་མ། ལ་ལི་ཏ་དང་འཇམ་དཔལ་བཤེས་གཉེན་ཞབས། དོན་ཡོད་རྡོ་རྗེ་ཆེ་ཆུང་སྐྱོ་འོད་འབྱུང་། སྐྱོ་སྟོན་སྐུ་མཆེད་ཁམས་པ་རིན་ཆེན་བསྟན། གཉན་སྟོན་འོད་སྲུངས་ཆོས་རྒྱལ་རིན་ཤེ་བ། ཐུགས་རྗེ་རིན་ཆེན་རིན་རྒྱལ་ཆ་གན་བ། གྲགས་ཆེན་གངས་ཁྲིད་མ་ཏཾ་ས་བཟང་རྗེ། ངོར་ཆེན་གྲགས་པ་རྒྱལ་མཚན་བསོད་ལྷུན་མཆོག ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག་ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། སྐྱོའི་ཡི་གེ་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།