64957

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 14:57, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འཇུག་པ་གཟུང་རྟོག་གི་གཉེན་པོ་དགུ་ (1)
Part of speech མིང་ཚིག
Definition ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་སྤྱི་དོན་ལས་བྱུང་བ་སྟེ། ༡ ངོ་བོ་ཉིད་རྟོག་གི་གཉེན་པོ་ནི། དང་པོ་ཡུམ་ནས་རྣམ་མཁྱེན་བར་དབེན་པར་རྟོག་པ་ངོ་བོ་ཉིད་རྟོག་གི་གཉེན་པོའོ། ། ༢ རིགས་ལ་རྟོགས་པའི་གཉེན་པོ་ནི། ནམ་མཁའ་འགའ་ཞིག་ལ་ཉེ་རིང་དུ་མི་སེམས་པ་ལྟར་རྣམ་མཁྱེན་དང་ས་གཞི་ལ་ཉེ་རིང་དུ་མི་སེམས་པ་ནི་རིགས་ལ་རྟོགས་པའི་གཉེན་པོའོ། ། ༣ ལམ་ཡང་དག་པར་འགྲུབ་པ་ལ་རྟོག་པའི་གཉེན་པོ་ནི། སྒྱུ་མའི་སྐྱེས་བུ་སྒྱུ་མ་མཁན་དང་ལྟད་མོ་ལ་ཉེ་རིང་དུ་མི་སེམས་པ་ལྟར་ལམ་དམན་མཆོག་ལ་ཉེ་རིང་དུ་མི་སེམས་པ་ནི་ལམ་ཡང་དག་པར་འགྲུབ་པ་ལ་རྟོག་པའི་གཉེན་པོའོ། ། ༤ དམིགས་པ་མ་འཁྲུལ་པར་རྟོག་པའི་གཉེན་པོ་ནི། གཟུགས་བརྙན་རང་གང་གིས་འབྱུང་བ་དང་དེ་མིན་པ་གཉིས་ལ་ཉེ་རིང་དུ་མི་སེམས་པ་ལྟར་ལམ་གཉིས་ཀྱི་དམིགས་ཡུལ་ལ་ཉེ་རིང་དུ་མི་རྟོག་པ་ནི་དམིགས་པ་མ་འཁྲུལ་བར་རྟོག་པའི་གཉེན་པོའོ། ། ༥ སྤང་གཉེན་ལ་རྟོག་པའི་གཉེན་པོ་ནི། དེ་བཞིན་གཤེགས་པ་ལ་སྡུག་མི་སྡུག་གི་བློོ་མེད་པ་ལྟར་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ལ་སྡུག་མི་སྡུག་གཉིས་སུ་མེད་པར་རྟོག་པ་ནི་སྤང་གཉེན་ལ་རྟོག་པའི་གཉེན་པོའོ། ། ༦ རང་གི་རྟོགས་པ་ལ་རྟོག་པའི་གཉེན་པོ་ནི། དེ་བཞིན་གཤེགས་པ་རྟོག་པ་ཐམས་ཅད་སྤངས་པ་ལྟར་བྱང་ཆུབ་ཀྱིས་ཀྱང་སྤངས་པ་ནི་རང་གི་རྟོགས་པ་ལ་རྟོག་པའི་གཉེན་པོའོ། ། ༧ གཞན་དོན་བྱེད་པ་པོ་ལ་རྟོག་པའི་གཉེན་པོ་ནི། དེ་བཞིན་གཤེགས་པའི་སྤྲུལ་པ་རྫོགས་བྱང་དང་རྣམ་མཁྱེན་ལ་ཉེ་རིང་དུ་མི་འཛིན་པ་ལྟར་བདག་གཞན་གཉིས་སུ་མི་འཛིན་པ་ནི་གཞན་དོན་བྱེད་པ་པོ་ལ་རྟོག་པའི་གཉེན་པོའོ། ། ༨ གཞན་དོན་གྱི་བྱ་བ་ལ་རྟོག་པའི་གཉེན་པོ་ནི། དེ་བཞིན་གཤེགས་སྤྲུལ་པ་མི་རྟོག་བཞིན་དུ་སེམས་ཅན་གྱི་དོན་སྒྲུབ་པ་ལྟར་ཡུམ་ཡང་དེ་ལྟར་བྱེད་པ་ནི་གཞན་དོན་གྱི་བྱ་བ་ལ་རྟོག་པའི་གཉེན་པོའོ། ། ༩ འབྲས་བུ་ལ་རྟོག་པའི་གཉེན་པོ་ནི། འཁྲུལ་འཁོར་མཁན་གྱིས་བྱས་པའི་བུད་མེད་ཀྱི་གཟུགས་དེ་རང་གང་གི་སླད་དུ་བྱས་པ་ལ་མི་རྟོག་པ་ལྟར་ཡུམ་ཡང་གང་གི་སླད་དུ་བསྒོམ་པའི་ཐོབ་བྱ་ལ་མི་རྟོག་པ་ནི་འབྲས་བུ་ལ་རྟོག་པའི་གཉེན་པོའོ། །
Domain ཆོས་ལུགས།

{{#arraymap:འཇུག་པ་གཟུང་རྟོག་གི་གཉེན་པོ་དགུ་

|; |@@@ | | }}