65160
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་སྟེ། ༡ བུད་མེད་རྣམས་ཀྱིས་ཤེས་པར་འགྱུར་བས་ཟས་ཀྱི་དུས་ན་ངོ་ཚ་བར་འགྱུར་བ། ༢ དེའི་ལས་རྣམས་ཉུང་བ་ཡིན་པའི་ཕྱིར་ན་ལྷ་འདི་ལ་ལྷ་གཞན་རྣམས་ཀྱིས་གཡོག་གི་བྱ་བ་མི་བྱེད་དེ། དཔེར་ན་ལྷ་གཞན་ལ་ལྷ་གཞན་དག་རྣམས་ཀྱིས་སྤྱོད་པར་བྱེད་ཅིང་རྒྱལ་པོར་ཡང་བྱེད་པར་འགྱུར་བ། ༣ མུ་སུ་ལུནྡྷའི་ཆོས་སྟོན་པའི་དུས་ན་ཤིན་ཏུ་འཇིགས་པར་འགྱུར་བ་ནི། མཐར་ཐུག་པའི་རྒུད་པ་ཡིན་པ། ༤ ལས་རྣམས་དམན་པའི་ཕྱིར་ན་འོད་རྣམས་འཇོམས་པར་འགྱུར་ཏེ། དེ་འཇོམས་པའང་མིའི་འཇིག་རྟེན་ན་ཉི་མས་གཟའ་དང་སྐར་མ་དང་རྒྱུ་སྐར་རྣམས་བཞིན་ནོ། ། ༥ ལས་དམན་པ་ཡིན་པའི་ཕྱིར་ན་སྟན་ལ་ཉེ་བར་འདུག་པའི་རིན་པོ་ཆེ་རྣམས་གཞན་ཉིད་དུ་འགྱུར་ཏེ། གང་གི་ཚེ་དགེ་བའི་ལས་ཀྱི་མཐའ་ལ་སྤྱད་པའི་ལྷ་རྣམས་འདུག་པར་འགྱུར་ན། དེའི་ཚེ་ལྷ་དེའི་སྟན་རྣམས་དངུལ་གྱི་རང་བཞིན་དུ་གྲུབ་པར་གྱུར་པ་ནི། ལས་རྣམ་པ་སྣ་ཚོགས་པའི་ཕྱིར་རོ། ། ༦ དེ་དག་རྣམས་ནི། འདིའི་རྒུད་པ་ཡིན་ཏེ། འདིའི་ཚད་ཀྱང་ཆུང་བར་འགྱུར་རོ། །རྒུད་པ་དྲུག་པོ་དེ་དག་རྣམས་ནི་འཐབ་བྲལ་བ་རྣམས་ཀྱི་ཡིན་ནོ། ། |
| Domain | ཆོས་ལུགས། |