65495
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ༡ ནང་གི་རིག་པ་ལ་ཤིན་ཏུ་རྣམ་པར་བྱང་ཞིང་རབ་ཏུ་གནས་པའི་ཤེས་རབ། ༢ གསོ་བ་རིག་པའི་ཤེས་རབ། ༣ གཏན་ཚིགས་ཀྱི་རིག་པའི་ཤེས་རབ། ༤ སྒྲ་རིག་པའི་ཤེས་རབ། ༥ འཇིག་རྟེན་པའི་བཟོའི་ཤེས་རབ། ༦ ལས་ཀྱི་གནས་ཀྱི་རིག་པ་ལ་ནི་ཤིན་ཏུ་རྣམ་པར་བྱང་ལ། རབ་ཏུ་གནས་པ་མ་ཡིན་པའི་ཤེས་རབ། ༧ རིག་པ་རྣམ་པ་ལྔ་པོ་ཤིན་ཏུ་རྣམ་པར་བྱང་བ་དེ་དག་ཉིད་ལ་བརྟེན་ནས། གདུལ་བ་རྨོངས་པ་རྣམས་དང༌། བག་མེད་པ་རྣམས་དང༌། ཞུམ་པ་རྣམས་དང༌། ཡང་དག་པར་ཞུགས་པ་གཞན་དག་ལ་གོ་རིམ་བཞིན་དུ་ཡང་དག་པར་བསྟན་པའི་ཤེས་རབ། ༨ ཡང་དག་པར་འཛིན་དུ་གཞུག་པའི་ཤེས་རབ། ༩ ཡང་དག་པར་གཟེངས་བསྟོད་པ་དང༌། ཡང་དག་པར་དགའ་བར་བྱ་བའི་བྱང་ཆུབ་སེམས་དཔའི་ཤེས་རབ་གང་ཡིན་པའོ། ། |
| Domain | ཆོས་ལུགས། |