65531
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་ཉིད་ལ་གནས་པའི་རྟེན་གྱི་གང་ཟག་ཡང་སྲིད་དུ་ཉིང་མཚམས་སྦྱོར་བར་བྱེད་པའི་གང་ཟག་གི་བདེན་འཛིན་དེ། འདིར་བསྟན་སྲིད་མཐའ་དང་འདིར་བསྟན་ཀུན་རྫོབ་ལ་བལྟོས་པའི་སྲིད་མཐའ་ཡིན་ཞིང༌། དེ་གཉིས་དོན་ཡང་གཅིག་འདིར་བསྟན་རྟག་མཐའ་ཡིན་ན། རྟག་མཐའ་ཡིན་པས་མ་ཁྱབ་སྟེ། དེ་ཡིན་ན་ཡོད་དགོས་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་རྟག་མཐའ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རང་ཉིད་ལ་གནས་པའི་རྟེན་གྱི་གང་ཟག་ཡང་སྲིད་དུ་ཉིང་མཚམས་སྦྱོར་བྱེད་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར་ཏེ། བདེན་གྲུབ་དེ་དོན་དམ་ལ་ལྟོས་ཏེ། སྲིད་མཐའ་ཡིན་ཅིང་སྤྱིར་སྲིད་མཐའ་ནི་མ་ཡིན་ཏེ། དེ་མེད་པའི་ཕྱིར། ཆོས་རྣམས་བདེན་གྲུབ་དེ་ཡོད་མཐའ་དང་རྟག་མཐའ་དང༌། སྒྲོ་འདོགས་ཀྱི་མཐའ་གསུམ་ཀ་ཡིན་ཏེ། ཆོས་རྣམས་བདེན་གྲུབ་ཏུ་འཛིན་པའི་རྟོག་པ་དེ་ཡོད་པའི་མཐར་འཛིན་གྱི་བློ་དང། རྟག་མཐའི་མཐར་འཛིན་གྱི་བློ་དང། སྒྲོ་འདོགས་ཀྱི་མཐར་འཛིན་གྱི་བློ་ཡིན་པའི་ཕྱིར། |
| Domain | ཆོས་ལུགས། |