65557
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་ཡན་ལག་གཉིས་པ་གང་ཞིག ཡང་སྲིད་འཕེན་བྱེད་ཀྱི་ལས་སུ་དམིགས་པ། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་གཉིས་པ་འདུ་བྱེད་ཀྱི་རྟེན་འབྲེལ་གྱི་མཚན་ཉིད། དེ་ལ། ཁོ་རང་ཡིན་པར་གྱུར་པའི་མཐོང་སྤང་དང། སྒོམ་སྤང་གཉིས་ཀའི་ཆ་ཡོད་དེ། འཕགས་རྒྱུད་ལ་དེ་ཡོད་པའི་ཕྱིར། བཞི་པ་ནི། ཡང་སྲིད་འཕེན་བྱེད་ཀྱི་ལས་ཙམ་དགྲ་བཅོམ་པའི་རྒྱུད་ལ་ཡོད་དེ། རྣམ་འགྲེལ་ལས། འདོད་ཆགས་བྲལ་བས་གནས་པ་ནི། །བརྩེ་བའམ་ཡང་ན་ལས་ཀྱི་ཡིན། །ཞེས་གསུངས་པའི་ཕྱིར། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་གཉིས་པ་འདུ་བྱེད་ཀྱི་རྟེན་འབྲེལ་ནི། ལས་ཉོན་གྱི་ཡང་སྲིད་ཕྱི་མར་སྐྱེ་བ་ལེན་ངེས་ཀྱི་སོ་སྐྱེ་རྣམས་ཀྱི་རྒྱུད་ལ་ཡོད། |
| Domain | ཆོས་ལུགས། |