65770

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:00, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འདུལ་བ་འཛིན་པ་རྩོད་པ་ཞི་བར་བྱེད་ནུས་པ་ལྔ་ (1)
Part of speech མིང་ཚིག
Definition འདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། ༡ རྒོལ་བ་དང་། ལན་གློན་པའི་དགེ་སློང་ལ་ཆོས་ཀྱི་ཕྱོགས་སུ་འཇུག་པ། ༢ རྒོལ་བ་དང་། ལན་གློན་པའི་དགེ་སློང་འཐབ་པ་དང་། མཚང་འདྲུ་བ་དང་། འཁོན་པ་དང་། རྩོད་པར་མི་བསྐུལ་བ། ༣ གཟུ་བོའི་དགེ་སློང་རྣམས་ཀྱི་མདོ་སྡེའི་གཞུང་བཙན་པར་བྱེད་པ། ༤ དགེ་སློང་གཅེས་པ་རྣམས་ལ་འཕྱས་མི་འདོགས་པ། ༥ རྩོད་པའི་ཐོག་མ་དང་། བར་མ་དང་། ཐ་མ་ལ་མཁས་པར་འགྱུར་བའོ། །
Domain ཆོས་ལུགས།