65847
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཞི་པའི་ཆུ་གླང་ཕྱི་ལོ་ ༡༢༥༣ ལོར་མྱང་སྟོད་རྒྱ་བྲག་སྤེལ་སྟོད་ཀྱི་ཆུ་མིག་ལུང་དུ་འཁྲུངས། གདུང་རུས་ཟེའུ་ཡིན། རྒྱ་ཡུལ་དུ་བྱོན་ནས་སེ་ཆེན་ཇིམ་གྱི་ཨོལ་བྱང་དུ་རྒྱལ་བུའི་བླ་མཆོད་མཛད། རབ་བྱུང་ལྔ་པའི་ཤིང་སྦྲུལ་ཕྱི་ལོ་ ༡༣༠༥ ལོ་ནས་བཟུང་སྣང་ཐང་གདན་ས་ལོ་བཅུ་གཉིས་རིང་བསྐྱངས། རབ་བྱུང་ལྔ་པའི་མེ་འབྲུག་ཕྱི་ལོ་ ༡༣༡༦ ལོར་སྐུ་གཤེགས། གདུང་རྟེན་ནི་གདན་ས་གོང་མའི་གདུང་རྟེན་གྱི་བྱང་ན་བཞུགས། དཔལ་སྣར་ཐང་དགོན་པའི་གདན་རབས་བཅུ་པ་ཡིན། |