From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
འདུས་བྱས་དང་འདུས་མ་བྱས་གཉིས་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། རྐྱེན་ལ་ལྟོས་ནས་གྲུབ་པའི་ཆོས་དེ་འདུས་བྱས་ཏེ། རྐྱེན་ལ་མ་ལྟོས་པར་གྲུབ་པའི་ཆོས་དེ་འདུས་མ་བྱས་ཀྱི་དོན་སྟེ། འདིའི་ལུགས་ལ་སེམས་ཙམ་མན་ཆད་དུ་འདོད་པའི་འདུས་མ་བྱས་གསུམ་སོགས་འདུས་མ་བྱས་བརྟགས་པ་བ་དངོས་མེད་རྣམས་དང༌། གཟུགས་སོགས་ཕྱི་དོན་དུ་གྲགས་པ་དང༌། རྣམ་པར་ཤེས་པའི་ཚོགས་བརྒྱད་སེམས་བྱུང་ལྔ་བཅུ་རྩ་གཅིག་སོགས་མདོར་ན་གཞི་ཕྱི་འཁོར་བའི་ཆོས་ཐམས་ཅད་དང༌། གནས་སྐབས་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་དང༌། འབྲས་བུ་སངས་རྒྱས་ཀྱི་སས་བསྡུས་པའི་ནང་ནས་གསར་དུ་བྱུང་བའི་ཆོས་རྣམས་དང་གདུལ་བྱ་གཞན་སྣང་གིས་བསྡུས་པ་སྟེ། སྣང་གྲགས་ཀྱི་ཆོས་སམ་ཆོས་ཉིད་ཀྱི་ཟླས་ཕྱེ་བའི་ཆོས་སམ་གཟུང་འཛིན་གྱིས་བསྡུས་པའི་ཆོས་སམ། དོན་དམ་གཏན་ལ་འབེབས་པའི་སྐབས་འདིར་དངོས་པོ་དངོས་མེད་ཐམས་ཅད་འདུས་བྱས་དང༌། གློ་བུར་བར་གཞག་པ་དེ་རྣམས་ཐམས་ཅད་ནི་བདེན་མེད་ཡིན་ལ། དབྱིངས་དང་གཉིས་སུ་མེད་པའི་ཡེ་ཤེས་རང་རིག་རང་གསལ་ནི་དོན་དམ་བདེན་པ་ཆོས་ཉིད་འདུས་མ་བྱས་ཞེས་བྱ་བ་སྟེ། འདི་ནི་རིགས་པས་དཔྱད་བཟོད་བདེན་གྲུབ་ཁོ་ན་ཡིན་ནོ། །ཞེས་གསུངས།
|
| Domain
|
ཆོས་ལུགས།
|
འདུས་བྱས་དང་འདུས་མ་བྱས་གཉིས་ (2)
| Part of speech
|
མིང་ཚིག
|
| Definition
|
ཚད་མ། རྒྱུ་རྐྱེན་ལས་སྐྱེས་པའི་ཆོས་དེ་འདུས་བྱས་དང་། རྒྱུ་རྐྱེན་ལས་མ་སྐྱེས་པའི་ཆོས་དེ་འདུས་མ་བྱས་ཏེ། ཇོ་ནང་གཉགས་ཕུ་བས་མཛད་པའི་གཏན་ཚིགས་རིགས་པའི་བསྡུས་དོན་ལས། དང་པོ་འདུས་བྱས་དང་འདུས་མ་བྱས་ལ་མཚན་ཉིད་རིམ་པ་ལྟར། རྒྱུ་རྐྱེན་ལས་སྐྱེས་མ་སྐྱེས་གཉིས་སོ། །འདུས་མ་བྱས་ལ་དབྱེ་ན། འདུས་མ་བྱས་ཀྱི་ནམ་མཁའ་དང། སོ་སོར་བརྟགས་འགོག་དང་། སོ་སོར་བརྟགས་མིན་གྱི་འགོག་པ་སྟེ་གསུམ་མོ། །མཚན་ཉིད་རིམ་པ་ལྟར། བསྒྲུབ་བྱ་སྒྲིབ་བྱེད་དང་བྲལ་བའི་འདུས་མ་བྱས་གང་ཞིག གཟུགས་ཅན་སྐྱེ་བའི་གོ་འབྱེད་པ་དང་། སོ་སོར་རྟོག་པའི་ཤེས་རབ་ཀྱིས་རང་གི་སྤངས་པའི་ཆར་གྱུར་པའི་འདུས་མ་བྱས་དང་། འདུས་བྱས་སྐྱེ་བའི་གེགས་བྱེད་པའི་འདུས་མ་བྱས་གང་ཞིག སོ་སོར་བརྟགས་འགོག་ལས་གཞན་དུ་གྱུར་པའོ། །ཞེས་བྱུང་། །
|