66075

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:02, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འདོད་ཆེན་པ་རྣམ་པ་གཉིས་ (1)
Part of speech མིང་ཚིག
Definition ལང་གཤེགས་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་མདོ་ལས་བྱུང་བ་སྟེ། ༡ དགེ་བའི་རྩ་བ་ཐམས་ཅད་སྤངས་པ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སྐུར་པ་འདེབས་ཤིང་ཚིག་ངན་པ་འདི་སྐད་དུ། འདི་ནི་མདོ་སྡེ་དང་། གདུལ་བ་དང་། ཐར་པ་དང་ཆ་མཐུན་པར་སྨྲ་བ་མ་ཡིན་ནོ་ཞེས་ཟེར་བ་སྟེ། དགེ་བའི་རྩ་བ་ཐམས་ཅད་སྤངས་པའི་ཕྱིར་མྱ་ངན་ལས་མི་འདའོ། ། ༢ བྱང་ཆུབ་སེམས་དཔའ་རྣམས་སྔོན་གྱི་རང་གི་སྨོན་ལམ་དང་། ཐབས་སྔོན་དུ་བཏང་བའི་ཕྱིར་ཡོངས་སུ་མྱ་ངན་ལས་མི་འདའ་བའང་མ་ཡིན་ཏེ། སེམས་ཅན་ཐམས་ཅད་མྱ་ངན་ལས་འདའ་བར་བྱེད་དོ། །དེའི་མྱ་ངན་ལས་འདའ་བ་འདི་ནི་མྱ་ངན་ལས་མི་འདའ་བའི་ཆོས་ཅན་གྱི་མཚན་ཉིད་དེ། འདིའང་འདོད་ཆེན་པ་རྣམས་ཀྱི་ཚུལ་རབ་ཏུ་ཐོབ་པར་འགྱུར་རོ། །
Domain ཆོས་ལུགས།