66125

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:02, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འདོད་པ་རང་རྐྱེན་གྱི་ཐེག་པ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་སྐུ་བཞིའི་སྟོན་པས་གདུལ་བྱའི་སྣོད་བཞིར་མཚོན་པའི་ཚིག་བཞི་སྟོན་པའི་སྐབས་ཀྱི་ཚིག་བཞིའི་ཡ་གྱལ་ཞིག་སྟེ། གསང་བའི་སྐུའི་བསྟན་པ་ལྟར་འདོད་པ་རང་རྐྱེན་གྱི་ཚིག་གིས་ཇི་ལྟར་འདུལ་བ་བཞིན་དུ་སྟོན་ཕྱིར་འདོད་པ་རང་རྐྱེན་གྱི་ཚིག་གམ་ཐེག་པ་ཞེས་བྱ། དེ་ནི་སྣོད་བཞི་ལས་ཞེན་ཆགས་ཅན་གྱི་གདུལ་བྱའི་གཉེན་པོར་འདོད་ཆགས་ལ་སྦྱོར་བ་ལ་སོགས་པའི་སྒོ་ནས་འདུལ་བར་བྱེད་པ་ཡིན། འདི་ལ་འདོད་པ་རང་རྐྱེན་གྱི་ཚིག་ཅེས་ཀྱང་བརྗོད།
Domain ཆོས་ལུགས།