66263

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:02, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འདོད་རྟེན་གྱི་སྤྲུལ་པ་བཞི་ (1)
Part of speech མིང་ཚིག
Definition མདོ། མངོན་པ། འདོད་པའི་རྟེན་ཅན་གྱིས་སྤྲུལ་པའི་སྤྲུལ་པ་ལ་འདོད་པའི་སས་བསྡུས་གཉིས་དང་གཟུགས་ཀྱི་སས་བསྡུས་གཉིས་ཏེ་བཞིའོོ། །དེ་ཡང་འདོད་པའི་རྟེན་ཅན་གྱིས་འདོད་པའི་སས་བསྡུས་ཀྱི་སྒྲ་མ་གཏོགས་པའི་སྐྱེ་མཆེད་གཟུགས་ཅན་གཞན་བཞི་སྤྲུལ་གཞིར་བྱས་ནས་སྐྱེ་མཆེད་བཞི་པོ་དེ་དང་དེར་བསྒྱུར་བའམ་སྤྲུལ་པའི་སྤྲུལ་པ་ལ་རང་ལུས་དང་འབྲེལ་བའི་སྤྲུལ་པ་དང་གཞན་ལུས་དང་འབྲེལ་བའི་སྤྲུལ་པ་གཉིས། ཡང་འདོད་པའི་རྟེན་ཅན་དེས་གཟུགས་ཀྱི་སས་བསྡུས་ཀྱི་རེག་བྱ་ཉིད་སྤྲུལ་གཞིར་བྱས་ནས་གཟུགས་རེག་ཀྱི་མཆེད་གཉིས་པོ་དེ་དང་དེར་སྤྲུལ་པའི་རང་ལུས་དང་འབྲེལ་བའི་སྤྲུལ་པ་དང་། ཡང་གཟུགས་ཀྱི་སས་བསྡུས་ཀྱི་གཟུགས་རེག་སྐྱེ་མཆེད་གཉིས་སྤྲུལ་གཞིར་བྱས་ནས་སྐྱེ་མཆེད་བཞི་པོ་དེ་དང་དེར་སྤྲུལ་པའི་གཞན་ལུས་དང་འབྲེལ་བའི་སྤྲུལ་པ་གཉིས་ཏེ་བཞི་ཡིན་ཏེ། སེར་སྨད་རྒྱལ་དབང་མཛོད་ལས། དེ་ཡང་རྟེན་འདོད་པ་བས་རང་ལུས་ཀྱི་ཚོགས་པ་ན་ཡོད་པའི་གཟུགས་སོགས་ཀྱི་སྐྱེ་མཆེད་བཞི་པོ་དེ་སྤྲུལ་གཞིར་བྱས་ནས་རང་སའི་ཕྱིའི་སྐྱེ་མཆེད་བཞི་པོ་དེ་དང་དེར་བསྒྱུར་བའམ་སྤྲུལ་པ་དེ་རང་ལུས་དང་འབྲེལ་བའི་སྤྲུལ་པ་དང༌། རང་ལས་ཕྱི་རོལ་ཏུ་གྱུར་པའི་གཟུགས་སོགས་སྤྲུལ་གཞིར་བྱས་ནས་ཕྱིའི་སྐྱེ་མཆེད་དེ་དང་དེར་སྤྲུལ་བ་དེ་གཞན་ལུས་དང་འབྲེལ་བའི་སྤྲུལ་པ་དང༌། ཡང་ཁམས་གོང་ན་དྲི་རོ་མེད་པས་དེས་རང་ལུས་ལ་མངོན་དུ་གྱུར་པའི་གོང་སའི་རེག་བྱ་ཉིད་སྤྲུལ་གཞིར་བྱས་ནས་གོང་སའི་གཟུགས་རེག་གི་སྐྱེ་མཆེད་དེ་དང་དེར་སྤྲུལ་པ་དེ་རང་ལུས་དང་འབྲེལ་བའི་སྤྲུལ་པ་དང༌། རང་ལུས་ལ་མངོན་དུ་མ་གྱུར་པའི་གོང་སའི་གཟུགས་རེག་གཉིས་སྤྲུལ་གཞིར་བྱས་ནས་གོང་སའི་གཟུགས་རེག་གི་སྐྱེ་མཆེད་དེ་དང་དེར་སྤྲུལ་པ་དེ་གཞན་ལུས་དང་འབྲེལ་བའི་སྤྲུལ་པ་སྟེ་བཞི་དང༌། ཞེས་གསུངས།
Domain ཆོས་ལུགས།