66902

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:05, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དོན་གསལ་བར་བྱེད་པ་ (1)
Part of speech མིང་ཚིག
Definition སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པའི་འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་པ་ཞིག་སྟེ། རྒྱ་གར་སྐད་དུ། ཨཱརྻ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏཱརྠཱ་ལོ་ཀ་ར་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དོན་གསལ་བར་བྱེད་པ་ཞེས་བྱ། ནང་གསེས་སུ་སྤྱི་དོན་རྣམ་པ་དགུས་བསྟན་ཏེ། ལེའུ་དང་པོ་ཞུས་པ་དང༌། ཞུ་ལན་དུ་ཕུན་སུམ་ཚོགས་པ་ལྔ་དང་སྦྱར་ཏེ་བསྟན་པ་དང༌། ལེའུ་གཉིས་པ་མི་གནས་པའི་ཡེ་ཤེས་ཆེན་པོ་དྲུག་པ་རྡོ་རྗེ་འཆང་གི་དོན་བསྟན་པ་དང༌། ལེའུ་གསུམ་པ་ཤེས་བྱ་ངོ་བོས་སྟོང་པ་ཆོས་ཀྱི་དབྱིངས་ཀྱི་དོན་བསྟན་པ་དང༌། ལེའུ་བཞི་པ་གཞི་འགག་པ་མེད་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དོན་བསྟན་པ་དང༌། ལེའུ་ལྔ་པ་གཞིའི་རྩལ་སོ་སོར་དཔྱད་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་དོན་བསྟན་པ་དང༌། ལེའུ་དྲུག་པ་གཞིའི་ངོ་བོ་སྐྱེ་འགག་མེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་སྦྱར་ཏེ་བསྟན་པ་དང༌། ལེའུ་བདུན་པ་ཤེས་བྱ་ཐོགས་པ་མེད་པ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་དོན་བསྟན་པ་དང༌། ལེའུ་བརྒྱད་པ་ཆེ་བ་བརྗོད་པ་སྔགས་ཀྱི་སྒྲ་དང་བཅས་པ་བསྟན་པ་དང༌། ལེའུ་དགུ་པ་རྗེས་སུ་ཡི་རང་བའི་སྒོ་ནས་བདག་དང་གཞན་གྱི་དོན་མཐར་ཕྱིན་པར་བསྟན་པའོ། །བསྟན་བཅོས་འདིའི་མཚན་ལ་འགྲེལ་པ་རྒྱུན་གཅོད་སྤུ་གྲི་ཞེས་ཀྱང་བྱ་བར་སྣང་སྟེ། གཞུང་རང་ཉིད་ཀྱི་མཇུག་བྱང་དུ་གསལ་ལོ། །