67133

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:06, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ (1)
Part of speech མིང་ཚིག
Definition དཔལ་ཀ་མ་པ་ལས་མཛད་པའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག པེ་བསྟན་དཀར་ཆག་ཏུ་རྣལ་འབྱོར་ལ་འཇུག་པ་ཕྱོགས་གླང་གིས་མཛད་པ་ཞེས་པ་ཞིག་འཁོད་ཀྱང་བསྟན་འགྱུར་ཁྲོད་དུ་མི་བཞུགས། པེ་ཅིང་པར་མ་སྣར་ཐང་སྡེ་དགེ་པར་མ་དང་། ཅོ་ནེ་བཞི་ལ་གོང་དུ་ངན་སོང་སྦྱོང་བའི་རྒྱུད་ཀྱི་སྐོར་ལ་ཇོ་བོ་རྗེ་དང་ལོ་ཙཱ བ་དགེ་བའི་བློ་གྲོས་གཉིས་ཀྱི་འགྱུར་ཆོས་ཚན་༡༥༥༠ ལ་འཁོད་པ་དང་། པེ་ཅིང་པར་མ་དང་། སྣར་ཐང་གཉིས་ལ་རྒྱུད་གསར་བཅུག་གི་སྐབས་རྔོག་འགྱུར་ཆོས་ཚན་༢༩༥༡པ་འཁོད་ཡོད་པ་དེ་དག་གཞུང་དངོས་ཡིག་འབྲུ་རེ་གཉིས་ཙམ་ལས་ཁྱད་མེད། བསྟན་འགྱུར་དབུ་མ་ཀི་པར་བཞུགས།

{{#arraymap:འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་

|; |@@@ | | }}

འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ (2)
Part of speech མིང་ཚིག
Definition འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག དཔལ་ཀམྦ་ལས་མཛད་པའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་བོད་ཀྱི་སྒྲ་བསྒྱུར་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་ཞུས། པེ་ཅིང་པར་མ་དང་། སྣར་ཐང་སྡེ་དགེ་ཅོ་ནེ་བཞི་ལ་འདིར་ངན་སོང་སྦྱོང་བའི་རྒྱུད་ཀྱི་སྐོར་ལ་ཇོ་བོ་རྗེ་དང་ལོ་ཙཱ་བ་དགེ་བའི་བློ་གྲོས་གཉིས་ཀྱི་འགྱུར་འཁོད་པ་དང་། དབུ་མའི་སྐབས་འགྱུར་བྱང་མེད་པ་ ༣༩༥༡ཚར་གཅིག་འཁོད་ཡོད་པ་དེ་དག་གཞུང་དངོས་ཡིག་འབྲུ་རེ་གཉིས་ཙམ་ལས་ཁྱད་མེད། བསྟན་འགྱུར་རྒྱུད་ཇུ་པར་བཞུགས།

{{#arraymap:འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་

|; |@@@ | | }}