67274

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:06, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འཕགས་པའི་ལམ་བརྒྱད་ (1)
Part of speech མིང་ཚིག
Definition འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་སྟེ། ཡང་དག་པའི་ལྟ་བ་ནི། ཡང་དག་པ་ཇི་ལྟ་བ་བཞིན་ལྟ་བ་ཡིན་ཏེ། ཆོས་རྣམས་ཀྱི་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ལ་ཡང་དག་པ་ཇི་ལྟ་བ་བཞིན་ལྟ་བ་ཡིན་ནོ། ། ཡང་དག་པའི་རྟོག་པ་ནི། ཆོས་དེ་དག་ཉིད་ལ་སེམས་སྐྱེད་པ་ནི་ཡང་དག་པའི་རྟོག་པའོ། ། ཡང་དག་པའི་ངག་ནི། ཡང་དག་པའི་ངག་བསྡུ་བ་ནི་ཡང་དག་པར་རྟོག་པས་ངག་གི་སྡོམ་པ་རྫུན་ལ་སོགས་པ་རྣམ་པ་བཞི་ལྡོག་པའི་སྡོམ་པ་འདི་ནི་ཡང་དག་པའི་ངག་གོ ། ཡང་དག་པའི་ལས་ཀྱི་མཐའ་ནི། ལུས་ཀྱིས་ཉེས་པར་སྤྱད་པ་རྣམ་པ་གསུམ་ལྡོག་ཅིང་ཡང་དག་པར་ལེན་པ་འདི་ནི་ཡང་དག་པའི་ལས་ཀྱི་མཐའ་ཡིན་ནོ། ། ཡང་དག་པའི་འཚོ་བ་ནི། མི་དགེ་བའི་ཆོས་ཀྱི་འཚོ་བ་ལྡོག་ཅིང་སྡོམ་པ་འདི་ནི་ཡང་དག་པའི་འཚོ་བ་ཡིན་ནོ། ། ཡང་དག་པའི་རྩོལ་བ་ནི། དོན་དེ་དག་ཉིད་ཡིད་ལ་བྱེད་ཅིང་བརྩོན་འགྲུས་འཇུག་པ་གང་ཡིན་པ་འདི་ནི་ཡང་དག་པའི་རྩོལ་བ་ཡིན་ནོ། ། ཡང་དག་པའི་དྲན་པ་ནི། ཆོས་ཀྱི་དོན་དེ་དག་ཉིད་ཡིད་ལ་བྱེད་ཅིང་ཇི་ལྟར་སྐྱེས་བུ་དམ་པའི་བརྗེད་པ་མེད་པ་འདི་ནི་ཡང་དག་པའི་དྲན་པ་ཡིན་ནོ། ། ཡང་དག་པའི་ཏིང་ངེ་འཛིན་ནི། ཆོས་ཀྱི་དོན་ཡང་དག་པ་དེ་དག་ཉིད་ཡིད་ལ་བྱེད་ཅིང༌། སེམས་རྩེ་གཅིག་པ་ཉིད་དང་ངེས་པར་ཉིད་དུ་བྱེད་པ་གང་ཡིན་པ་དེ་དག་ནི་ཡང་དག་པའི་ཏིང་ངེ་འཛིན་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:འཕགས་པའི་ལམ་བརྒྱད་

|; |@@@ | | }}