68543

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:11, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འབྲས་བུ་ (1)
Part of speech མིང་ཚིག
Definition རྩི་ཤིང་གི་མེ་ཏོག་ཡལ་རྗེས་ཆགས་པའི་རྡོག་པོ་ནང་ན་ས་བོན་ཡོད་པ་དེའི་མིང་།
Example མེ་ཏོག་གི་འབྲས་བུ་ཞེས་པ་ལྟ་བུ།
Synonyms གང་བུ། སྒམ་བུ། སྙེ་མ། ཐོག་གུ། དོག་པ། ཚི་གུ། ཤིང་གི་བཅུད། ཤིང་ཐོག སིལ་ཏོག འབྲས་བུའི་རྟེན་འབྲེལ་དྲུག
འབྲས་བུ་ (2)
Part of speech མིང་ཚིག
Definition རླིག་པའམ་རླིག་རྡོག་གི་མིང་སྟེ།
འབྲས་བུ་ (3)
Part of speech མིང་ཚིག
Definition རྟ་ལ་འབྲས་བུ་བཏོན་ཏེ་ཕྱ་བྱས་པ་ཞེས་པ་ལྟ་བུ།
འབྲས་བུ་ (4)
Part of speech མིང་ཚིག
Definition གཉན་འབུར་ལྟ་བུའི་ཕོལ་མིག
འབྲས་བུ་ (5)
Part of speech མིང་ཚིག
Definition ཚད་མ། རྒྱུས་བསྐྱེད་པར་བྱ་བའི་དངོས་པོ།
འབྲས་བུ་ (6)
Part of speech མིང་ཚིག
Definition མདོ། མངོན་པ། ཕན་གདགས་པར་བྱ་པའི་རིགས་སུ་གནས་པའི་རབ་ཏུ་ཕྱེ་བར་དམིགས་པ། འབྲས་བུའི་མཚན་ཉིད། རིགས་གནས་སྨོས་པ་ལ་དགོས་པ་ཡོད་དེ། བྲལ་འབྲས་བསྡུ་བར་བྱ་བའི་ཆེད་ཡིན་པའི་ཕྱིར། འབྲས་བུའི་མཚན་གཞི་ཡོད་དེ། འདུས་བྱས་ཐམས་ཅད་དང་། བྲལ་འབྲས་ཏེ་སོ་སོར་བརྟགས་འགོག་དང་། བརྟགས་མིན་གྱི་འགོག་པ་གཉིས་འབྲས་བུ་ཡིན་པའི་ཕྱིར། རང་གི་རྒྱུར་གྱུར་པའི་མི་དགེ་བ་དང་དགེ་བ་ཟག་བཅས་གང་རུང་གི་ཕྱིས་འབྱུང་ཞིང་རྒྱུད་ཀྱིས་བསྡུས་པ་ཡང་ཡིན། མ་སྒྲིབ་ལུང་མ་བསྟན་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། རྣམ་སྨིན་གྱི་འབྲས་བུའི་མཚན་ཉིད། རྣམ་སྨིན་གྱི་འབྲས་བུ་ཡིན་ན། ཁྱད་ཆོས་གསུམ་དང་ལྡན་པའི་ཁྱབ་སྟེ། མ་སྒྲིབ་ལུང་མ་བསྟན་ཡིན་པ། རྒྱུད་ཀྱི་བསྡུས་པ། ལུང་དུ་བསྟན་པའི་རྣམ་སྨིན་གྱི་རྒྱུའི་ཕྱིས་འབྱུང་བ་རྣམས་དང་ལྡན་པ་ཞིག་དགོས་པའི་ཕྱིར། རང་གི་རྒྱུར་གྱུར་པའི་སྐལ་མཉམ་གྱི་རྒྱུ་དང་ཀུན་འགྲོའི་རྒྱུ་གང་རུང་གི་འབྲས་བུར་དམིགས་པ། རྒྱུ་མཐུན་གྱི་འབྲས་བུའི་མཚན་ཉིད། གཉེན་པོའི་སྟོབས་ཀྱིས་ཐོབ་པའི་བྲལ་བར་དམིགས་པ། བྲལ་འབྲས་ཀྱི་མཚན་ཉིད། རང་གི་རྒྱུ་གང་གི་སྟོབས་ཀྱིས་སྐྱེས་པར་དམིགས་པ། སྐྱེས་བུའི་བྱེད་འབྲས་ཀྱི་མཚན་ཉིད།
Example སྦྱོར་ལམ་ཆོས་མཆོག་ལས་མཐོང་ལམ་སྐྱེས་པ་ལྟ་བུ། རང་གི་རྒྱུའི་སྔོན་དུ་མ་བྱུང་བའི་འདུས་བྱས་སུ་དམིགས་པ། བདག་འབྲས་ཀྱི་མཚན་ཉིད།
Domain ཆོས་ལུགས།
འབྲས་བུ་ (7)
Part of speech མིང་ཚིག
Definition དངོས་པོ་ལ་བྱེད་པའི་སྒོ་ནས་གཉིས་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། (འབྲས་བུའི་མཚན་ཉིད།) ཆོས་དེ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་དོན་གཞན་ཕྱི་མ། ཞེས་གསུངས།
འབྲས་བུ་ (8)
Part of speech མིང་ཚིག
Definition ལྟ་སྒོམ་སྤྱོད་འབྲས་བཞིའི་ཡ་གྱལ་གྱི་འབྲས་བུ་སྟེ། ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གྱིས་མཛད་པའི་ལྟ་སྒོམ་སྤྱོད་འབྲས་བསྡུས་དོན་ལས། འབྲས་བུའི་དོན་ནི་ལྟ་སྒོམ་སྤྱོད་པ་རྣམ་དག་ཉམས་སུ་བླངས་པས། མཉམ་བཞག་ཡེ་ཤེས་ཀྱི་ཚོགས་དང་། རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་བསགས་པ་ལས། རྣལ་འབྱོར་པའི་རིག་པ་ཆོས་ཉིད་འོད་གསལ་བ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ལ་ཐིམ་པས། རྣལ་འབྱོར་རང་ཉིད་ལ་གདོད་མ་ནས་བཞུགས་པའི་ཆོས་ཀྱི་སྐུ་གློ་བུར་གྱི་དྲི་མ་དང་བྲལ་བ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ནི། རང་དོན་ཕུན་ཚོགས་རབ་ཀྱི་མཐར་ཕྱིན་པ་ཡིན་ལ། དེའི་མཐུ་ལས་གདུལ་བྱ་གང་ལ་གང་འདུལ་གྱི་གཟུགས་སྐུའི་སྣང་བ་བསྟན་ནས། འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པ་མཛད་པ་ནི། གཞན་དོན་ཕུན་ཚོགས་རབ་ཀྱི་མཐར་ཕྱིན་པ་སྟེ། དེ་ལྟར་དོན་གཉིས་ཕུན་ཚོགས་མཐར་ཕྱིན་པ་ནི་འབྲས་བུའི་དོན་དུ་ཤེས་པར་བྱའོ། །ཞེས་གསུངས་སོ། །