68560

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:11, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འབྲས་བུ་ཆོས་སྐུ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། འབྲས་བུ་ཆོས་སྐུའི་མཚན་ཉིད་ནི། སྦྱོར་བཞི་སྒོམ་པའི་རྣམ་སྨིན་མཐར་ཐུག་གོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཀུན་མཁྱེན་བླ་མའི་དགོངས་དོན་རབ་གསལ་ལས་སོ། ། ཡུལ་སྐྱེ་མེད་གསུམ། ཡུལ་ཅན་སྦྱོར་བཞིས་ཉམས་སུ་བླངས་པའི་སྟོབས་ཀྱིས་ཐོབ་པའི་སངས་རྒྱས་ཀྱི་སྐུ་དེ། འབྲས་བུ་ཆོས་སྐུའི་མཚན་ཉིད། དེ་ལ་དབྱེ་ན། སྐུ་གཉིས་སུ་དབྱེ་བ། གསུམ་དུ་དབྱེ་བ། བཞིར་དབྱེ་བ། ལྔར་དབྱེ་བའོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །
Domain ཆོས་ལུགས།

{{#arraymap:འབྲས་བུ་ཆོས་སྐུ་

|; |@@@ | | }}

འབྲས་བུ་ཆོས་སྐུ་ (2)
Part of speech མིང་ཚིག
Definition དངོས་པོ་བརྒྱད་ཀྱི་ནང་ཚན་བསྟན་བཅོས་མངོན་རྟོགས་རྒྱན་གྱི་སྐབས་བརྒྱད་པའི་བསྟན་བྱའི་གཙོ་བོར་གྱུར་པའི་སངས་རྒྱས་ཀྱི་སྐུ་ལ་འབྲས་བུ་ཆོས་སྐུ་ཞེས་བརྗོད། དེའི་མཚན་ཉིད་ནི། པཎ་ཆེན་གྱི་ཕར་ཕྱིན་མཐའ་དཔྱོད་ལས། རང་ལུགས། རང་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་སྦྱོར་བཞི་སྒོམ་སྟོབས་ཀྱིས་ཐོབ་པའི་འབྲས་བུ་མཐར་ཐུག འབྲས་བུ་ཆོས་སྐུའི་མཚན་ཉིད། ཅེས་གསུངས།

{{#arraymap:འབྲས་བུ་ཆོས་སྐུ་

|; |@@@ | | }}

འབྲས་བུ་ཆོས་སྐུ་ (3)
Part of speech མིང་ཚིག
Definition སྦྱོར་བཞི་སྒོམ་སྟོབས་ཀྱིས་ཐོབ་པའི་ཡེ་ཤེས་རྣམ་སྨིན་མཐར་ཐུག་གང་ཞིག ཟག་མེད་ཀྱི་ཡན་ལག་དུ་མ་དང་ལྡན་པ་དེའོ། །དེ་ལ་དབྱེ་ན། ངོ་བོ་ཉིད་སྐུ། ལོངས་སྤྱོད་རྫོགས་སྐུ། སྤྲུལ་སྐུ། རྟོགས་ཡེ་ཆོས་སྐུ་དང་བཞིའོ། ས་མཚམས་ནི། སངས་རྒྱས་ཀྱི་ས་ཁོ་ནར་ཡོད།

{{#arraymap:འབྲས་བུ་ཆོས་སྐུ་

|; |@@@ | | }}

འབྲས་བུ་ཆོས་སྐུ་ (4)
Part of speech མིང་ཚིག
Definition རང་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་སྦྱོར་བཞི་བསྒོམས་སྟོབས་ཀྱིས་ཐོབ་པའི་སྐྱབས་གནས་མཐར་ཐུག་དེ། འབྲས་བུ་ཆོས་སྐུའི་མཚན་ཉིད། དེ་ལ་དབྱེ་ན་གཉིས་སུ་ཡོད་དེ། རང་དོན་དོན་དམ་པའི་དེ་དང༌། གཞན་དོན་ཀུན་རྫོབ་པའི་སྐུ་གཉིས་སུ་ཡོད་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་སྐུ་ཉིད་དེ།། ཞེས་གསུངས། ཡང་དེ་ལ་དབྱེ་ན་གསུམ་ཡོད་དེ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་དུ་ཡོད་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །སྐུ་གསུམ་དག་གིས་རང་གཞན་གྱི། །དོན་འདི་རྟེན་དང་བཅས་པར་བསྟན། །ཞེས་གསུངས། ཡང་དེ་ལ་དབྱེ་ན། ངོ་བོ་ཉིད་ཀྱི་སྐུ། ལོངས་སྤྱོད་རྫོགས་སྐུ། ཡེ་ཤེས་ཆོས་སྐུ། མཆོག་གི་སྤྲུལ་པའི་སྐུ་དང་བཞི་ཡོད་དེ། འགྲེལ་པ་འདིར། དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པ་དབྱེ་བས་རྣམ་པ་བཞི་ཡིན་པས། ཞེས་གསུངས། ས་མཚམས་ནི། སངས་རྒྱས་ཀྱི་ས་ཁོ་ནར་ཡོད།

{{#arraymap:འབྲས་བུ་ཆོས་སྐུ་

|; |@@@ | | }}

འབྲས་བུ་ཆོས་སྐུ་ (5)
Part of speech མིང་ཚིག
Definition རང་ཉིད་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་སྦྱོར་བཞི་ཉམས་སུ་བླངས་པ་ལ་བརྟེན་ནས་ཐོབ་པའི་མཐར་ཐུག་གི་སྐུ་དེ་འབྲས་བུ་ཆོས་སྐུའི་མཚན་ཉིད་ཡིན། སངས་རྒྱས་ཀྱི་སྐུ་ལ་ཆོས་སྐུ་དང་གཟུགས་སྐུ་གཉིས་ཡོད་ཅིང༌། ལོངས་སྤྲུལ་གྱི་སྐུ་གཉིས་ནི། སངས་རྒྱས་ཀྱི་སྐུ་ལ་ཆོས་སྐུ་དང་གཟུགས་སྐུ་གཉིས་སུ་ཕྱེ་བའི་ཆོས་སྐུ་མིན་ཡང་སྤྱིར་ཆོས་སྐུ་ཡིན་ཏེ། དེ་གཉིས་རང་རྒྱུད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། སངས་རྒྱས་ཀྱི་ཡེ་ཤེས་ཉིད་གདགས་པའི་གཞིར་བྱས་ནས། གཟུགས་ཀྱི་སྐུར་རྣམ་པར་བཞག་པ་ཡིན་གྱི་བེམ་པོས་བསྡུས་པའི་རྡུལ་ཕྲ་རབ་བསགས་པའི་ལུས་ནི་ཅུང་ཟད་ཀྱང་མེད་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། སངས་རྒྱས་ཀྱི་སྐུ་ལ་རྒྱས་པར་དབྱེ་ན། ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་དང་བཞི་ཡོད། གཞན་ཡང་སངས་རྒྱས་ཀྱི་སྐུ་ལ་དབྱེ་ན། ཆོས་ལོངས་སྤྲུལ་གསུམ་དུ་ཡོད་ཅིང༌། ཆོས་གཟུགས་ཀྱི་སྐུ་གཉིས་སུ་ཡང་ཡོད། ངོ་བོ་ཉིད་སྐུ་དང་ཡེ་ཤེས་ཆོས་སྐུ་གཉིས་སངས་རྒྱས་ཀྱི་སྐུ་ལ་ཆོས་གཟུགས་ཀྱི་སྐུ་གཉིས་སུ་ཕྱེ་བའི་ཆོས་སྐུ་ཡིན་ཅིང༌། སྤྱིར་ཆོས་སྐུ་ཡིན་ན་སངས་རྒྱས་ཀྱི་སྐུ་ལ་དེ་གཉིས་སུ་ཕྱེ་བའི་ཆོས་སྐུ་ཡིན་པས་མ་ཁྱབ་སྟེ། སངས་རྒྱས་ཀྱི་སྐུ་ཡིན་ན་ཆོས་སྐུ་ཡིན་དགོས་པའི་ཕྱིར། ཡང་དེ་ལ་དབྱེ་ན། རང་དོན་ཆོས་སྐུ་དང་གཞན་དོན་གཟུགས་སྐུ་གཉིས་སུ་ཡོད་ཅིང༌། ངོ་བོ་ཉིད་སྐུ་དང་ཡེ་ཤེས་ཆོས་སྐུ་དང་པོ་ཡིན་ལ། དེ་གཉིས་ལ་རང་དོན་ཆོས་སྐུ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གདུལ་བྱ་ལ་དངོས་སུ་ཆོས་སྟོན་པ་སོགས་མི་མཐུན་པའི་སྒོ་ནས་རང་དོན་མཐར་ཐུག་གི་སངས་རྒྱས་ཀྱི་སྐུ་ཡིན་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར། གཟུགས་སྐུ་རྣམ་པ་གཉིས་པོ་དེ་གཞན་དོན་གྱི་སྐུ་ཡིན་ཅིང་དེ་གཉིས་ལ་དེ་ལྟར་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་གཉིས་གདུལ་བྱ་ལ་དངོས་སུ་ཆོས་སྟོན་པ་སོགས་ཀྱི་སྒོ་ནས་གདུལ་བྱའི་དོན་དངོས་སུ་བསྒྲུབ་ནུས་པའི་སངས་རྒྱས་ཀྱི་སྐུ་ཡིན་པས་ན་དེ་ལྟར་དུ་བརྗོད་པ་ཡིན་པའི་ཕྱིར། ཡང་དེ་ལ་དབྱེ་ན། དོན་དམ་པའི་སྐུ་དང༌། ཀུན་རྫོབ་པའི་སྐུ་གཉིས་སུ་ཡོད་ཅིང་དང་པོ་དང་རང་དོན་གྱི་སྐུ་དོན་གཅིག གཉིས་པ་དང་གཞན་དོན་གྱི་སྐུ་དོན་གཅིག དེ་ལྟར་ཡང་རྒྱུད་བླ་མ་ལས། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་གཉིས་སོ། །ཞེས་གསུངས་པའི་ཕྱིར། ཡང་དེ་ལ་དབྱེ་ན། ཆོས་ཅན་གྱི་སྐུ་དང༌། ཆོས་ཉིད་ཀྱི་སྐུ་གཉིས་སུ་ཡོད་ཅིང༌། ཕྱི་མ་དང་ངོ་བོ་ཉིད་སྐུ་དོན་གཅིག དེས་ན་སྐུ་ཕྱི་མ་གསུམ་གྱི་ཆོས་ཉིད་ངོ་བོ་ཉིད་སྐུ་ཡིན་ཏེ། འགྲེལ་པ་འདི་ཉིད་ལས། སྐུ་ལྷག་མ་གསུམ་པོ་དོན་དམ་པར་ཆོས་ཉིད་ཀྱི་ངོ་བོ་ཞེས་གསུངས་པའི་ཕྱིར། སངས་རྒྱས་ཀྱི་སྐུ་ལ་རྒྱས་པར་དབྱེ་ན། བཞིར་ཡོད་པ་ཡིན་ཅིང༌། སངས་རྒྱས་ཀྱི་མཚན་དཔེ་སོགས་སངས་རྒྱས་ཀྱི་སྐུར་བྱས་ནས་སངས་རྒྱས་ཀྱི་སྐུ་ལ་ལྔར་འབྱེད་པ་ནི། དཔྱད་གཞི་ཡིན་ཏེ། དེ་ལྟར་འབྱེད་པ་མདོ་བྱམས་ཆོས་དགོངས་འགྲེལ་དང་བཅས་པ་གང་ལས་ཀྱང་མ་བཤད་པའི་ཕྱིར་དང༌། དེ་དག་སངས་རྒྱས་ཀྱི་སྐུ་ཡིན་ན། སངས་རྒྱས་ཀྱི་གསུང་ཡང་སངས་རྒྱས་ཀྱི་སྐུར་འགྱུར་བས་སངས་རྒྱས་ཀྱི་སྐུ་ལ་དྲུག་ཏུ་འབྱེད་རིགས་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར།

{{#arraymap:འབྲས་བུ་ཆོས་སྐུ་

|; |@@@ | | }}