68601

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:12, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་ཞུགས་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་དང། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གང་རུང་ཡང་ཡིན། མཐོང་ལམ་གྱི་སྔ་རོལ་དུ་འདོད་པ་ལ་འདུན་པའི་ཉོན་མོངས་དང་མ་བྲལ་བ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་ཉན་ཐོས་དེ་འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་ཞུགས་པའི་མཚན་ཉིད་ཡིན། དེ་ལ་དབྱེ་ན། དེར་གྱུར་པའི་དད་པས་མོས་པ་དང། མཐོང་བས་ཐོབ་པ་གཉིས་སུ་ཡོད། ས་མཚམས་ནི། འདོད་པ་ལ་འདུན་པའི་ཉོན་མོངས་བདུན་པ་སྤོང་ཕྱིར་དུ་བརྩོན་པ་ནས་དགུ་པ་སྤོང་ཕྱིར་དུ་བརྩོན་པའི་བར་ན་ཡོད་ཅིང། འདི་དང་འབྲས་བུ་རིམ་གྱིས་པའི་ཕྱིར་འོང་འབྲས་གནས་ཁྱད་པར་ཅན་དོན་གཅིག་ཡིན་ནོ། །
Domain ཆོས་ལུགས།