68664
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། རང་གི་རྟེན་གྱི་གང་ཟག་དང་རྒྱུད་ཐ་དད་དུ་གྱུར་པའི་གང་ཟག་གི་རྒྱུད་ཀྱིས་བསྡུས་པའི་རང་གི་རྟེན་གྱི་གང་ཟག་གི་དམིགས་ཡུལ་དུ་གྱུར་པའི་སྐྱབས་གནས་ཡང་དག་ལ་རེ་ལྟོས་འཆའ་བའི་སེམས་བྱུང་དེ། རྒྱུའི་སྐྱབས་འགྲོའི་ངོ་བོ་ཡིན། དེ་རང་གི་རྟེན་གྱི་གང་ཟག་གི་རྒྱུའི་སྐྱབས་འགྲོའི་ངོ་བོ་ཡང་ཡིན་ནོ། །སྐྱབས་འགྲོ་ལ་དབྱེ་ན། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་སྐྱབས་འགྲོ། དེ་འབྲིང་དང་ཐུན་མོང་བའི་སྐྱབས་འགྲོ། དེ་ཆེན་པོའི་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དང་གསུམ་ཡོད། དང་པོ་ནི། རང་ཉིད་ངན་སོང་གི་སྡུག་བསྔལ་གྱིས་འཇིགས་ནས། དེ་སྐྱབས་ཕྱིར་དུ་དཀོན་མཆོག་ལ་རེ་ལྟོས་འཆའ་བའི་སེམས་བྱུང་དེ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་སྐྱབས་འགྲོའི་ངོ་བོ་ཡིན། རང་ཉིད་འཁོར་བའི་སྡུག་བསྡལ་གྱིས་འཇིགས་པའི་སྒོ་ནས་དེ་ལས་སྐྱབས་ཕྱིར་དུ། དཀོན་མཆོག་ལ་རེ་ལྟོས་འཆའ་བའི་སེམས་བྱུང་དེ། སྐྱེས་བུ་འབྲིང་དང་ཐུན་མོང་བའི་སྐྱབས་འགྲོའི་ངོ་བོ་ཡིན། འགྲོ་བ་མཐའ་དག་འཁོར་བའི་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པའི་སྒོ་ནས་དེ་སྐྱབས་ཕྱིར་དུ་དཀོན་མཆོག་གསུམ་ལ་རེ་ལྟོས་འཆའ་བའི་སེམས་བྱུང་དེ། སྐྱེས་བུ་ཆེན་པོའི་ཐུན་མོང་མ་ཡིན་པའི་སྐྱབས་འགྲོའི་ངོ་བོ་ཡིན། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ལ་དགོས་པ་ཡོད་དེ། དེ་ལྟར་སྐྱབས་སུ་སོང་བ་ལ་བརྟེན་ནས། ནང་པ་སངས་རྒྱས་པར་ཚུད་པ་དང་སྡོམ་པ་གསུམ་གྱི་རྟེན་དུ་འགྱུར་བ་དང༌། སྔར་བསགས་ཀྱི་ལས་སྒྲིབ་རྣམས་སྲབ་པར་འགྱུར་བ་དང༌། མི་དང་མི་མ་ཡིན་གྱི་བར་ཆད་ཀྱིས་མི་ཚུགས་པ་དང༌། ཅི་བསམ་གྱི་དོན་རྣམས་འགྲུབ་པའི་ཕན་ཡོན་ཆེན་པོ་འབྱུང་བའི་ཕྱིར། |
| Domain | ཆོས་ལུགས། |