68691

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:12, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འབྲས་རྒྱུད་ (1)
Part of speech མིང་ཚིག
Definition རྣལ་འབྱོར་བླ་མེད་ཀྱི་རྒྱུད་དོན་གྱི་སྒོ་ནས་རྒྱུད་གསུམ་དུ་དབྱེ་བའི་ནང་གསེས། དོན་གཉིས་ཕུན་ཚོགས་ཀྱི་བྱང་ཆུབ་ཀྱི་དབང་དུ་བྱས་ནས་མི་འཕྲོག་པའམ་འབྲས་བུའི་རྒྱུད་ཅེས་བྱ་སྟེ། ཉེར་ལེན་གྱི་རྒྱུ་དེ་ཉིད་གློ་བུར་གྱི་དྲི་མ་ཐམས་ཅད་དང་བྲལ་བ་ལས་གནས་གྱུར་པའི་ཚུལ་གྱིས་དག་པ་གཉིས་ལྡན་གྱི་སྐུར་མངོན་པར་རྫོགས་པས་བྱང་ཆུབ་པར་གཞན་དོན་གྱི་རྟེན་དུ་གྱུར་པའོ། །དེར་མི་འཕྲོག་པ་ཞེས་པ་ནི། རི་ཞིག་སྒྲིབ་པའི་བར་ཆད་དེ་ལྡོག་པའམ། རིག་པ་རྒྱུན་ཆད་པའི་མཚན་ཉིད་ཀྱིས་དམན་པའི་མྱ་ངན་ལས་འདས་པར་འཇུག་ན་གཞན་དོན་གྱི་རྟེན་ཉམས་ཤིང་འཕྲོག་པ་ཡིན་ལ། དེ་ལྟ་བུ་མ་ཡིན་པར་རྒྱུན་གཏན་དུ་འཇུག་པས་ན་མི་འཕྲོག་པ་ཞེས་བྱའོ། །འབྲས་བུ་ཞེས་པ་ནི་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤིན་ཏུ་འདོད་པར་བྱ་བ་མཐར་ཐུག་གི་གཙོ་བོ་ཡིན་པས་ན་འབྲས་བུ་ཞེས་བྱའོ། །