68695

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:12, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འབྲས་རྟགས་ཀྱི་གོ་བྱ་དང་གོ་བྱེད་གཉིས་ཀ་དང་རེ་ལ་རྩོད་པའི་ལན་ (1)
Part of speech མིང་ཚིག
Definition རྒྱུའི་ངོ་བོར་གྱུར་པའི་མེ་ལ་མེ་མ་ཡིན་པ་ལས་ལོག་པའི་མེ་དང་རྩྭའི་མེ་དང་སོག་མའི་མེ་ལ་སོགས་པ་མང་པོ་ཡོད་ཀྱང་། འབྲས་བུ་དུ་བ་དང་མེད་ན་མི་འབྱུང་གི་འབྲེལ་བ་གྲུབ་པའི་མེ་ཉིད་དེ་སྒྲུབ་ཀྱི་རྟགས་དུ་བ་ལས་གོ་བར་བྱེད་ཀྱི་གཞན་རྩྭ་ཡི་མེ་ལ་སོགས་པ་གོ་བར་བྱེད་པ་མ་ཡིན་ལ། གཞན་ཡང་མིག་གིས་གང་མཐོང་བའི་སྐྱ་རྫས་སོགས་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་སོང་བ་དང་བཀོད་པ་མ་ཡིན་ལ། དེ་བཞིན་དུ་མེ་ལས་སྐྱེས་པའི་ཁྱོད་ཡོད་པ་ཙམ་གྱི་འབྲས་རྟགས་ཡང་དག་སོང་བར་ཁས་མི་ལེན་ལ། ཕྱིར་རྒོལ་གྱི་བློ་ཡུལ་དུ་སོང་བའི་དུ་བ་ཉིད་དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་རྟགས་ཡང་དག་དང་། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་མེའི་འབྲས་བུ་ཡང་ཡིན་པས་ན་དུ་བ་ཉིད་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་ནོ། །ཞེས་གསུངས་པ་ཡིན་ཏེ། དེ་ཡང་དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། རྒྱུ་མེ་ལ་མེ་མ་ཡིན་པ་ལས་ལོག་པའི་མེ་དང་རྩྭའི་མེ་དང་སོག་མའི་མེ་ལ་སོགས་པའི་རང་བཞིན་ཇི་སྙེད་ཅིག་ཡོད་པའི་ནང་ནས་མེ་མིན་པ་ལས་ལྡོག་པའི་རང་བཞིན་ཇི་སྙེད་ཅིག་ཕན་འདོགས་བྱེད་དུ་མེད་ན་མི་འབྱུང་བའི་འབྲེལ་བ་ཅན་གྱི་འབྲས་བུ་དུ་བ་དེ་ནི་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག མེའི་འབྲས་བུ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར།
Domain ཚད་མ།