69012

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:13, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འབྲུག་པ་པདྨ་དཀར་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་དགུ་པའི་མེ་ཕག་ཕྱི་ལོ ༡༥༢༧ ལོར་མཆིམས་ཡུལ་དུ་ཡབ་ཇོ་སྲས་ཀླུའི་དབང་པོ་དང་། ཡུམ་ཆོས་སྐྱོང་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། རབ་བྱུང་བཅུ་པའི་མེ་སྤྲེལ་ཕྱི་ལོ ༡༥༩༦ ལོར་སྐུ་གཤེགས། དགུང་ལོ་གསུམ་པར་འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོ་དང་མཇལ། དགུ་པར་ལྷོ་ཕྱོགས་ཡངས་པའི་རྒྱལ་ཁམས་སུ་ཕེབས། དགུང་ལོ་བཅུ་པར་གདན་ས་སེང་གེའི་ཁྲི་ཆེན་དུ་མངའ་གསོལ། སློབ་དཔོན་ཤེས་རབ་གོ་ཆ་ལས་ཡི་གེའི་འབྲི་ཀློག་སྦྱངས། སློབ་དཔོན་ཆོས་གྲགས་བསྟན་འཕེལ་དང་། ཀུན་མཁྱེན་བཀྲ་ཤིས་སོགས་ལས་མདོ་སྔགས་རིག་གནས་ཀུན་ལགསན། བསྟན་པའི་བདག་པོ་ངག་གི་དབང་པོ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། དབང་ལུང་རྗེས་གནང་མང་པོ་ཐོབ། བཅུ་བདུན་པར་ཆོས་གྲྭ་ཆེན་པོ་དཔལ་འཁོར་བདེ་ཆེན་དུ་ཀུན་དགའ་བཀྲ་ཤིས་རྣམ་རྒྱལ་དཔལ་བཟང་པོས་མཁན་པོ་དང་། ལས་སློབ་སྡེ་སྣོད་འཛིན་པ་དཀོན་མཆོག་རིན་ཆེན་པ། གསང་སྟོན་སློབ་དཔོན་སངས་རྒྱ་ཡེ་ཤེས། གྲིབ་ཚོད་ཉང་རམ་པ། གྲོགས་ངན་པ་དགེ་སློང་སངས་རྒྱས་ལྷུན་གྲུབ། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་དགེ་བསྙེན། དགེ་ཚུལ། གསོལ་བ་དང་བཞིའི་ལས་ཀྱི་བསྙེན་པར་རྫོགས་པ་ཚིག་རྫོགས་སུ་མནོས། མཚན་ལ་ངག་དབང་ཀུན་དགའ་རྣམ་རྒྱལ་ནོར་བུ་དཔལ་བཟང་པོ་ཞེས་གསོལ། བྱང་ཆུབ་སེམས་བསྐྱེད་པའི་མཚན་ལ་མི་ཕམ་པདྨ་དཀར་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་གསོལ། འཆད་རྩོད་རྩོམ་གསུམ་གྱིས་དུས་འདས། གསུང་རྩོམ་ནི་རྗོད་བྱེད་ཚིག་གི་རྒྱུད་བཤད་པ་མཁས་པའི་ཁ་རྒྱུན་དང་། ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། མངོན་རྟོགས་རྒྱན་གྱི་འགྲེལ་བ་བྱམས་པའི་ཞལ་ལུང་། དཔེ་རྫི། སེང་གེ་སྒྲའི་ལོ་རྒྱུས། རྟེན་འབྲེལ་རྣམ་བཤད་ཞིབ་མོ་རྣམ་འཐག རྫ་རིའི་གནས་བསྟོད་བཅས་པོ་ཏི་བཅུ་བཞིབཞུགས། མཚན་གཞན། ངག་དབང་ཀུན་དགའ་རྣམ་རྒྱལ་ནོར་བུ་དཔལ་བཟང་པོ། མི་ཕམ་པདྨ་དཀར་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ།

{{#arraymap:འབྲུག་པ་པདྨ་དཀར་པོ་

|; |@@@ | | }}