69097

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:13, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འབྲེལ་པ་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་ (1)
Part of speech མིང་ཚིག
Definition སློབ་དཔོན་ཉི་མའི་སྙིང་པོས་མཛད་པའི་འབྲེལ་པ་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། ཞྭ་ལུའི་བཙུན་པ་འགོས་ལོ་ཙཱ་བ་དགེ་སློང་དྷརྨྨ་པཱ་ལ་བྷ་དྲ་ཞེས་བགྱི་བས་གཡག་སྡེ་ལོ་ཙཱ་བའི་ཕྱག་དཔེ་ལས་གསར་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། འགྱུར་བྱང་གི་མཐར་བཟོད་གསོལ་དང་བསྔོ་སྨོན་ཚིགས་སུ་བཅད་པ་བཞི་བཞུགས་པ་དེའི་རྗེས་སུ་སླར་ཡང་རྒྱ་དཔེ་རྙིང་པ་ལ་གཏུགས་ཏེ་འགྱུར་བཅོས་དང་ཞུས་དག་ཅུང་ཟད་གྲུབ་བོ། ། ཞེས་འཁོད། ཆོས་ཚན་འདི་པེ་ཅིང་པར་མ་དང་། སྣར་ཐང་གཉིས་ལ་མི་བཞུགས། བསྟན་འགྱུར་སྒྲ་མདོ་ར་པར་བཞུགས།