69147

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:14, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འབྲོ་བཟའ་ཁྲི་མ་ལོད་ (1)
Part of speech མིང་ཚིག
Definition དུས་རབས་བདུན་པའི་དཀྱིལ་དུ་འཁྲུངས། རྒྱལ་པོ་མང་སྲོང་མང་བཙན་གྱི་བཙུན་མོ་དང་། རྒྱལ་པོ་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་རྒྱལ་པོ་སྲས་སུ་འཁྲུངས། སྲས་སྐུ་ན་ཆུང་བའི་སྐབས་སྲིད་ལོ་བཅུ་གསུམ་རིང་བསྐྱངས། བཙན་པོ་འདུས་སྲོང་བཀྲོངས་རྗེས་མེས་ཨག་ཚོམ་སྐུ་ན་ཆུང་བས་ལོ་བརྒྱད་རིང་ཆབ་སྲིད་བསྐྱངས། མདོར་ན་བོད་ཀྱི་ཆབ་སྲིད་འགན་དབང་ལོ་ཉེར་གཅིག་བར་བཟུང་། བཙུན་མོ་འདི་ཆབ་སྲིད་ཀྱི་འཇོན་ཐང་དང་། དབང་ཐང་སོགས་ལ་འགྲན་མི་བཟོད་པ་ཞིག་ཡིན། མི་ཚང་མས་བཀུར་གཟོས་ཆེ། ཆུ་བྱི་ཕྱི་ལོ ༧༡༢ ལོར་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་སྲིད་བཀོད་ནས་སྐུ་གཤེགས།

{{#arraymap:འབྲོ་བཟའ་ཁྲི་མ་ལོད་

|; |@@@ | | }}