69151
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དུས་རབས་བཅུ་གཉིས་པའི་དཀྱིལ་དུ་འཁྲུངས། པཎ་གྲུབ་མང་པོ་བསྟེན་ནས་མདོ་སྔགས་རིག་གནས་ཀུན་ལ་ཐུགས་བརྩོན་མཛད། ལེགས་སྦྱར་སྐད་ཡིག་ལ་བྱང་ཆུབ་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས་ཞི་བ་འོད་ཀྱི་རིམ་པ་དང་། འཇམ་དཔལ་ཁྲོ་བོའི་སྒྲུབ་ཐབས་རྡོ་རྗེ་འོད་ཀྱི་རིམ་པ། དཀྱིལ་འཁོར་གྱི་ཆོ་ག སྐྱབས་འགྲོ་སེམས་བསྐྱེད་དབང་བཞིའི་གདམས་པ། རྡོ་རྗེ་ཀླུའི་གདམས་ངག ཁྲུས་ཀྱི་ཆོ་ག གཏོར་མའི་ཆོ་ག བདུན་ཚིག་གི་ཆོ་ག རོ་སྲེག་པའི་ཆོ་ག སཱཙྪ་གདབ་པའི་རིམ་པ། རབ་ཏུ་གནས་པའི་ཆོ་ག སྦྱིན་སྲེག་གི་ཆོ་ག ཐུན་མོང་གི་དངོས་གྲུབ་སྒྲུབ་ཐབས་ཀྱི་མན་ངག་ མཎྜལ་དབུལ་བའི་མན་ངག་བཅས་བཞུགས། |
{{#arraymap:འབྲོ་བྷེརྨ་བྷི་
|; |@@@ | | }}