69270

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:14, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འཚས་ཚེར་ (1)
Part of speech མིང་ཚིག
Definition འཚས་ཚེར་ཞེས་པ་སྟར་བུའི་མིང་གི་རྣམ་གྲངས་ཞིག་སྟེ། ལོ་མང་སྐྱེ་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཞིག་ཡིན། སྐྱེ་གནས་དབང་གིས་སྡོང་པོ་ཆེ། ཆེ་འབྲིང་ཆུང་གསུམ་ཡོད་པ་སྐྱི་པགས་སེར་ནག་མཐུག་ཅིང་གྱོང་བ་ནང་དཀར་ལ་མཁྲེགས་ཤིང་མཛེར་པ་མང༌། ཡལ་ག་དང་ཡལ་ཕྲན་མང་ཞིང་ཚེར་མ་ཁབ་ལྟར་རྣོ་བས་ཁྱབ་ཡོད། ལོ་མ་སྔོ་ལྗང་གཙག་བུའི་དབྱིབས་ལ་རྒྱབ་སྐྱ་བ་རེ་མོས་སུ་སྐྱེ་བ་དང༌། མེ་ཏོག་ཆུང་ཞིང་དཀར་ལ་དམར་མདངས་ཡོད་པར་འདབ་མ་ལྔ་དང་ལྡན་ཞིང༌། འབྲས་བུ་ལྗང་གུ་ཧྲིལ་བ་དེ་བོད་ཟླ་བཅུ་པའི་ནང་སྨིན་དུས་ལི་སེར་མདོག ཆུ་བུར་འདྲ་བའི་ནང་ཤ་རྒྱུ་ཅན་གྱི་ས་བོན་དཀར་ལ་མཁྲེགས་པ་མང་པོ་ཆགས་པ་སྟེ། སྐྱེ་གནས་གཙོ་བོ། བོད་ཡུལ་ཉིང་ཁྲི་ས་ཁུལ་དང༌། སྤོ་ཡུལ། སྨན་གླིང༌། ཡངས་པ་ཅན་སོགས་སུ་ཆུ་ཀླུང་གི་ཉེ་འགྲམ་དང་གྲམ་ཐང་སོགས་སུ་སྐྱེ་བ་མང༌། འབྲས་བུ་བཏུ་དུས་ནི་བོད་ཟླ་ ༩ པའི་ནང་ཡིན་ཞིང༌། ལས་སྣོན་བྱེད་སྐབས་འབྲས་བུ་གཙང་མར་བཀྲུས་རྗེས་ཉི་མར་སྐམ་པ་དང༌། བདག་གཉེར་སྐབས་ཧམ་རུལ་མ་ཤོར་བ་བྱེད་དགོས། ཡང་ན་འབྲས་བུ་བསྐམས་རྗེས་ཁནྜ་འདུས་ནས་སྨན་དུ་སྤྱོད་པར་བྱེད། རོ་སྐྱུར་བ། ཞུ་རྗེས་སྐྱུར་བ། ནུས་པ་ཚ་ཞིང་སྐམ་ལ་སྣུམ་པས་གློ་བའི་ནད་དང༌། ཁྲག་འཁོར་སྐྱོད་དཀའ་བ། མོ་ནད་ཀྱི་ཁྲག་སྐྲན་ཆགས་པ་སོགས་ལ་ཕན། དེ་མིན་བད་ཀན་གྱི་འབྱར་བག་གཅོད་པ་བྱེད་ལྷག་པར་དུ་དངུལ་ཆུ་བཤིག་ཅིང་གསེར་བསྒྱུར་སྐབས་ལའང་དགོས་ཆེ།

{{#arraymap:འཚས་ཚེར་

|; |@@@ | | }}