69343

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:15, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འཚོ་བཅང་གི་སྨན་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། མཚན་ཉིད་ནི། དངོས་པོ་གང་ཞིག་འདུས་པའི་ནད་སེལ་བ་ལ་གཙོ་བོར་ཞུགས་པའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། ལྡན་འདུའི་ནད་སེལ་བ་ལ་གཙོ་བོར་གནང་བའི་སྨན་གང་ཞིག རབ་བྱུང་སྡེ་ལྔ་གང་རུང་གིས་ཇི་སྲིད་འཚོའི་བར་དུ་འཆང་བར་བྱིན་གྱིས་བརླབས་ཏེ། དེའི་བར་ལ་ལོངས་སྤྱོད་དུ་རུང་བའི་རིགས་སུ་གནས་པ་དེ་འཚོ་བཅང་གི་སྨན་གྱི་མཚན་ཉིད་ཡིན་ནོ། །དབྱེ་བ་ནི། གཞུང་དུ། འཚོ་བའི་བར་དུ་བཅང་བ་ནི། རྩ་བ་དང། སྡོང་པོ་དང། འདབ་མ་དང། མེ་ཏོག་དང། འབྲུ་ཟས་ཀྱི་དོན་དུ་ཁྱབ་པར་བྱེད་པ་མ་ཡིན་པའོ། །ཞེས་སོགས་ཀྱིས་བསྟན། འབྲས་བུའི་སྨན་ལྔ་ནི། ཨ་རུ་ར་དང། སྐྱུ་རུ་ར་དང། བ་རུ་ར་དང། ན་ལེ་ཤམ་དང། པི་པི་ལིང་རྣམས་ཡིན་ནོ། །སྨན་བཞི་པོ་དེ་དག་གང་ཡིན་ཀྱང་ཐོག་མར་བྱིན་ལེན་བྱས་ནས་བྱིན་ལེན་ཆགས་པ་ཞིག་དགོས་ཏེ། གཞན་དུ་ན་བྱིན་ལེན་མ་བྱས་པར་བཟའ་བའི་ལྟུང་བྱེད་དུ་འགྱུར་རོ། །སྨན་ཕྱི་མ་གསུམ་ནི་བྱིན་ལེན་བྱས་ན་བྱིན་རླབས་ཆགས་པ་ཡིན་ཏེ། བྱིན་ལེན་བྱས་ཏེའོ། །ཞེས་གསུངས་པའི་ཕྱིར། དགེ་སློང་རང་བཞིན་དུ་གནས་པ་མཚན་མཐུན་པས་དགེ་སློང་གཞན་གྱི་སྨན་ལ་བྱིན་གྱིས་མ་བརླབས་གོང་དུ་རེག་ན་ལག་ཉར་གྱུར་པ་ཡིན་པས་བྱིན་རླབས་མི་ཆགས་ཤིང། ལོངས་སྤྱད་དུ་མི་རུང་སྟེ། ཇི་སྐད་དུ། ལག་ཉར་བླངས་པ་དང། གསོག་འཇོག་བྱས་པ་དང། བྱིན་ལེན་མ་བྱས་པ་དང། ནང་དུ་ཞག་ལོན་པ་དང། ནང་དུ་བཙོས་པ་དང་། དགེ་སློང་གིས་བཙོས་པ་དག་ལ་བྱིན་གྱིས་བརླབས་པ་མི་ཆགས་སོ། །ཞེས་དང། དེའི་འགྲེལ་པར་ལུང་དྲངས་པ་ལས། ཉེ་བ་འཁོར་དེ་དག་ཡོངས་སུ་ལོངས་སྤྱད་དུ་མི་རུང་ངོ་། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:འཚོ་བཅང་གི་སྨན་

|; |@@@ | | }}

འཚོ་བཅང་གི་སྨན་ (2)
Part of speech མིང་ཚིག
Definition དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། འདུས་པའི་ནད་སེལ་བ་ལ་གཙོ་བོར་ཞུགས་པའི་རིགས་གནས་གང་ཞིག །སྨན་དུ་བྱིན་གྱིས་བརླབས་པ། འཚོ་བཅང་གི་སྨན་གྱི་མཚན་ཉིད་ཡིན་བྱས་པ་ལ། ཁོ་ན་རེ། ཞག་བདུན་པའི་སྨན་དང་ཇི་སྲིད་འཚོ་བཅང་གི་སྨན་གཉིས་མི་འགལ་བར་ཐལ། བཀྲེས་འདུས་གཉིས་ཀའི་ནད་སེལ་བ་ལ་གཙོ་བོར་ཞུགས་པའི་རིགས་གནས་ཡིན་ན། འདུས་པའི་ནད་སེལ་བ་ལ་གཙོ་བོར་ཞུགས་པའི་རིགས་གནས་ཡིན་དགོས་པའི་ཕྱིར། དེར་ཐལ། བཀྲེས་འདུས་གཉིས་ཀའི་ནད་སེལ་བ་ལ་གཙོ་བོར་ཞུགས་ན། འདུས་པའི་ནད་སེལ་བ་ལ་གཙོ་བོར་ཞུགས་དགོས་པའི་ཕྱིར་ཞེ་ན་མ་ཁྱབ་བོ། །ཞེས་གསུངས། འཚོ་བཅང་གི་སྨན་ནི། གཙོ་བོ་ལྔ་དང་གཙོ་བོ་མ་ཡིན་པ་ལྔ་རྣམས་སུ་ཡོད་པ་ཡིན་ནོ། །དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བཞི་པ་འཚོ་བཅང་གི་སྨན་གྱི་རིགས་ཡོད་དེ། གཙོ་བོ་ལྔ་དང་གཙོ་བོ་མ་ཡིན་པ་ལྔ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། རྩ་བའི་སྨན་དང་། སྡོང་པོའི་སྨན་དང། འདབ་མའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྨན་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། སྤྱི་བའི་སྨན་དང་། འགྱུར་བྱེད་ཀྱི་སྨན་དང་། ལན་ཚྭའི་སྨན་དང་། བཏུང་བའི་སྨན་དང་། དུག་གི་སྨན་དང་ལྔ་ཡོད་པའི་ཕྱིར། དང་པོ་ལྔ་སོ་སོའི་མཚན་གཞི་མདོ་ལས་གསུངས་ཚུལ་ཡོད་དེ། གླ་སྒང་དང་། ཤུ་དག་དང། ཡུང་ང་དང་། སྒེའུ་གཤེར་དང་། བོང་བ་དཀར་པོ་དག་གོ་ཞེས་པས་དང་པོ་དང་། ཙན་དན་དང་། སྤྱི་མོ་དང་། ཤུག་པ་དང་། སླེ་ཏྲེས་དང་། ཐང་ཤིང་དང་སྐྱེར་པ་དག་གོ །ཞེས་པས་གཉིས་པ་དང་། བ་ཤ་ཀ་དང་། ཀོ་ཤ་ཏ་ཀི་དང་། པ་ཊོ་ལ་དང་། ནིམ་པ་དང་། སབ་ཏ་པར་ནའི་འདབ་མ་དག་གོ་ཞེས་པས་གསུམ་པ་དང་། མེ་ཏོག་ནི་པཱ་ཤ་ཀ་དང་། ནིམ་པ་དང་། དྷ་ཏ་ཀི་དང་། ཀླུ་ཤིང་དང་། པདྨའི་ཟེ་བ་དག་གོ་ཞེས་པས་བཞི་པ་དང་། ཨ་རུ་ར་དང་། སྐྱུ་རུ་ར་དང་། བ་རུ་ར་དང་། ན་ལེ་ཤ་མ་དང་། པི་པི་ལིང་དག་གོ་ཞེས་པས་ལྔ་པ་བསྟན་པའི་ཕྱིར། ཕྱི་མ་ལྔ་སོ་སོ་མདོ་ལས་གསུངས་ཚུལ་ཡོད་དེ། ཤིང་ཀུན་དང་ཞེས་སོགས་ཀྱིས་དང་པོ་དང་། འགྱུར་བྱེད་དོ་ཞེས་སོགས་ཀྱིས་གཉིས་པ་དང་། རྒྱམ་ཚྭ་དང་ཞེས་སོགས་ཀྱིས་གསུམ་པ་དང་། ནུ་ཞོས་འཚོ་བའི་བེའུ་རྣམས་ཀྱི་ལྕི་བ་ཞེས་སོགས་ཀྱིས་བཞི་པ་དང་། སྨན་སྨོས་པས་དུག་སྨན་མ་བསྡུས་པ་ཉིད་མ་ཡིན་ནོ་ཞེས་པས་ལྔ་པ་བསྟན་པའི་ཕྱིར། ཞེས་གསུངས།

{{#arraymap:འཚོ་བཅང་གི་སྨན་

|; |@@@ | | }}