69352

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:15, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འཚོ་བའི་ཡོ་བྱད་ (1)
Part of speech མིང་ཚིག
Definition ལུས་སྲོག་གནས་པའི་ཆ་རྐྱེན་དུ་གྱུར་པའི་དངོས་རྫས་རིགས་ལ་ཟེར།
Example འཚོ་བའི་ཡོ་བྱད་མ་འདེང་བའི་དཀའ་ངལ་ཞེས་པ་ལྟ་བུ།

{{#arraymap:འཚོ་བའི་ཡོ་བྱད་

|; |@@@ | | }}

འཚོ་བའི་ཡོ་བྱད་ (2)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་རྣམས་ཀྱི་འཚོ་ཐབས་ལ་མཁོ་བའི་ཅ་དངོས་ཞེས་པ་དང་དོན་འདྲ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། འཚོ་བའི་ཡོ་བྱད་རྣམས་ཀྱི་ཚད་ཀྱང་ཡོད་དེ། མདོར། བྱིན་གྱིས་བརླབ་ཏུ་རུང་བ་ཆེན་པོ་དག་ནི་རང་གི་ཁྲུ་གསུམ་དང་། ལྔ་དག་གོ །ཆུང་ངུ་དག་ནི་གཉིས་ཀ་ལས་ཁྲུ་ཕྱེད་ཕྱེད་བྲིའོ། །འབྲིང་རྣམས་ཀྱི་ཚད་ནི་བར་མའོ་ཞེས་འབྱུང་བ་ལས། སྣམ་སྦྱར་བླ་གོས་གཉིས་ཀྱི་ཆེ་ཚད་དུ་སྲིད་དུ་ཁྲུ་ལྔ། ཞེང་དུ་ཁྲུ་གསུམ། ཆུང་ཚད་སྲིད་ཞེང་གཉིས་ཀར་ཁྲུ་ཕྱེད་ཕྱེད་བྲི་བ། འབྲིང་ཚད་དེ་གཉིས་ཀྱི་བར་དང་། མཐང་གོས་ནི་དོ་དང་ལྔ་ཡང་ཡིན། དོ་དང་བཞི་ཡང་ཡིན་ནོ་ཞེས་པའི་མདོ་འབྱུང་བ་ཉིད་ཀྱིས་སྲིད་དུ་ཁྲུ་ལྔ་འམ་བཞི། ཞེང་དུ་ཁྲུ་དོ་དང་། མི་ཡོག་ན་རལ་ག་དཔུང་ཆད་བྱའོ་ཞེས་གསུངས་པ་ལྟར་སྲིད་དུ་མ་ཆོག་ན་རལ་ག་དཔུང་ཆད་ཀླན་པར་བྱ་བ་དང་། འཁོར་གསུམ་ཁེབས་པ་ཉིད་ཡན་ཆད་ཀྱང་ངོ་ཞེས་འབྱུང་བ་ལས། ཆུང་ཚད་འཁོར་གསུམ་ཁེབས་པ་ཡང་བཤད་པ་དང་། ཤམ་ཐབས་དང་། དེའི་གཟན་དང་། རྔུལ་གཟན་དང་དེའི་གཟན་རྣམས་ཀྱི་ཚད་ཀྱང་མཐང་གོས་བླ་གོས་གཉིས་དང་འདྲ་ཞིང་། རྣག་གཟན་དང་གཡན་པ་དགབ་པ་གཉིས་སྲིད་དུ་ཁྲུ་དྲུག་ཞེང་དུ་གསུམ། གདོང་ཕྱིས་ཀྱི་སྲིད་ཞེང་གཉིས་ཀར་ཁྲུ་གང་། སྐྲ་བཟེད་སྲིད་དུ་ཁྲུ་གསུམ་ཞེང་དུ་ཕྱེད་དོ། །གདིང་བ་སྲིད་དུ་ཁྲུ་གསུམ་ཞེང་དུ་ཁྲུ་དོ་དང་སོར་དྲུག །མ་ཆོག་ན་སྲིད་དུ་ཁྲུ་ཕྱེད་དང་དོ་བསྐྱེད་པ་དང་། རས་ཆེན་སྲིད་དུ་ཁྲུ་དགུ་ཞེང་དུ་གསུམ་དང་སོར་བཅོ་བརྒྱད་ཡོད་པའི་ཕྱིར། འདུལ་འཛིན་སྔ་མ་ཁ་ཅིག །ཊཱིཀྐའི་གསུང་ལ་བརྟེན་ནས། བྱིན་གྱིས་བརླབ་ཏུ་རུང་བ་ཆེན་པོ་དག་ནི་ཞེས་པས་ཆོས་གོས་གསུམ་ཀའི་ཚད་བསྟན་པར་འཆད། དེ་ལ་འདུལ་འཛིན་ཁ་ཅིག །དེ་མི་ལེགས་ཏེ། མཐང་གོས་ལོགས་སུ་བཤད་པའི་ཕྱིར་དང་། དག་ཅེས་པ་གཉིས་ཚིག་ཡིན་པ་དང་འགལ་བས་སོ་ཞེས་གསུངས་སོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:འཚོ་བའི་ཡོ་བྱད་

|; |@@@ | | }}