69549

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:15, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འཛིན་མེད་རྟོགས་པའི་རྣལ་འབྱོར་གྱི་ས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད། འཛིན་པ་རང་བཞིན་མེད་པའི་དོན་ལ་གསལ་སྣང་ཐོབ་པའི་བཟོད་མཆོག་གང་རུང་གིས་བསྡུས་པའི་མངོན་པར་རྟོགས་པའོ། །ས་མཚམས། ཐེག་ཆེན་གྱི་བཟོད་མཆོག་གཉིས་སུ་བསྒོམ་པར་བྱ་བ་ཡིན་ཏེ། དེར་འཛིན་པ་རང་བཞིན་མེད་པའི་དོན་ལ་གསལ་སྣང་ལྷག་པའི་ཕྱིར་རོ་ཞེས་ཀུན་མཁྱེན་གོ་རམས་པའི་ཡུམ་དོན་རབ་གསལ་ལས་སོ། ། དང་པོ་བསམ་བྱུང་གི་རིགས་པ་ནི། ལྟོས་ས་གཟུང་བ་མེད་པ་ལ་ལྟོས་ཆོས་འཛིན་པ་མེད་དོ་སྙམ་དུ་ངེས་པར་སེམས་པའི་རིགས་པས་སྒྲོ་འདོགས་གཅོད་དོ། །གཉིས་པ་བསྒོམས་བྱུང་གི་རྣལ་འབྱོར་ནི། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་འདི་ཡང་དག་པར་ཡོད་པའི་ངོ་བོ་ཡིན་ནོ་སྙམ་དུ་ངེས་པར་བྱས་ནས་བསྒོམ་མོ། །གསུམ་པ་བསྒོམས་པའི་འབྲས་བུ་ནི། གཟུང་པ་ལ་ལྟོས་པའི་འཛིན་པའི་རྣམ་པའི་མཚན་ཉིད་རྣམ་པར་རིག་པ་ཙམ་དུ་བདེན་པར་འཛིན་པ་དེ་ཡང་བསལ་ཏེ་ཞེས་པའོ། །ཡང་ན་ཕྱི་རོལ་གྱི་དོན་དུ་ཞེན་པ་སྤངས་པར་མ་ཟད་ཅེས་པའོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །
Domain ཆོས་ལུགས།

{{#arraymap:འཛིན་མེད་རྟོགས་པའི་རྣལ་འབྱོར་གྱི་ས་

|; |@@@ | | }}