69554

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:15, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འཛིན་རྣམ་ (1)
Part of speech མིང་ཚིག
Definition ཁ་ནང་དུ་ཁོ་ནར་ཕྱོགས་ཤིང་འཛིན་ཡན་གར་བ་རང་ཡུལ་ཤེས་པ་ཁོ་ན་འཛིན་ཞིང་རང་ཡུལ་ཤེས་པའི་བདག་ཉིད་དུ་གྱུར་པ་སྟེ། སྔོ་འཛིན་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་དེ་ལ་རང་རིག་ཏུ་གྱུར་པ་ལྟ་བུ་སྟེ། སྔོ་འཛིན་མིག་ཤེས་ཀྱིས་སྔོན་པོ་རིག་པའི་ཚེ་ན་སྔོན་པོ་ལ་རིག་བྱེད་ཡོད་པ་ལྟར། སྔོ་འཛིན་མིག་ཤེས་ལ་ཡང་རིག་བྱེད་ཡོད་དགོས་ལ། རང་རིག་གི་ངོ་བོ་ལས་མ་གཏོགས་པའི་རིག་བྱེད་གཞན་བཙལ་དུ་མེད་པའི་ཕྱིར་རོ། །རང་གིས་རིག་པ་གྲུབ་བོ། །དེའི་ཚེ་རང་ཉིད་ལ་རིག་བྱེད་མེད་ན། རྗེས་ཀྱི་ངེས་ཤེས་ཀྱིས་སྔོན་པོའི་རྣམ་ལྡན་དུ་དྲན་པ་མི་རིགས་པར་ཐལ། རང་དུས་སུ་རང་གི་རིག་བྱེད་མེད་པའི་ཕྱིར་རོ། །དྲན་པ་ནི་སྔར་ཉམས་སུ་མྱོང་བ་དྲན་པར་བྱེད་པ་ཡིན་གྱི། མ་མྱོང་བ་དྲན་པ་མེད་པའི་ཕྱིར་ཁྱབ་པ་ངེས་སོ། །ཇི་སྐད་དུ། རྣམ་པ་འདི་འདྲ་ཤེས་པ་ནི། །དྲན་ཡིན་དེ་ཡང་མྱོང་ལས་བྱུང་། །དེ་ཡང་དོན་རྣམ་སྟོང་ན་དེ། །དེ་ནི་ཇི་ལྟར་དེ་ལྡན་འགྱུར། །ཞེས་པ་ལྟར་རོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རིགས་གཏེར་རྣམ་བཤད་ལས་སོ། །
Domain ཚད་མ།

{{#arraymap:འཛིན་རྣམ་

|; |@@@ | | }}