69603

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:16, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འཛེང་དབང་ཕྱུག་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་མ་ཚུགས་གོང་གི་མེ་འབྲུག་ལོ་ཕྱི་ལོ ༡༠༡༦ ལོར་ཁམས་ཕྱོགས་སུ་འཁྲུངས། སློབ་དཔོན་ཉན་ཚོར་མཇལ། ཆོས་རྣམས་ལེགས་པར་གསན། ཇོ་བོ་རྗེ་ལས་སྒོམ་གྱི་གདམས་པ་རྫོགས་པར་ཞུས། མངོན་ཤེས་རྒྱ་ཆེན་པོ་མངའ། རླུང་བཟུང་སྟེ་བ་སྤུ་མ་འགུལ་བར་ཞག་གསུམ་ཙམ་བཞུགས། སློབ་མ་རྣམས་ཀྱིས་གཤེགས་སོ་སྙམ་པར་ཁམས་མ་བདེ་བས་རླུང་བཟུང་བ་ཡིན་གསུངས། རེ་གཉིས་པ་རབ་བྱུང་དང་པོའི་ས་རྟ་ཕྱི་ལོ ༡༠༧༨ ལོར་རྭ་སྒྲེང་དགོན་པའི་གདན་སར་ཕེབས། ཚོགས་པ་ལོ་ལྔའི་རིང་བསྐྱངས། རེ་བདུན་པ་རབ་བྱུང་དང་པོའི་ཆུ་ཁྱི་ལོ་ཕྱི་ལོ ༡༠༨༢ ལོར་རྭ་སྒྲེང་དུ་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་སྣེའུ་ཟུར་བ་ཡེ་ཤེས་འབར་དང་། ཞང་ཀ་མ་བ། གཉན་སྣ་མོ་བ། འབྲེ་ཀོ་དེ་ལུང་བ། ཁ་རག་སྒོམ་ཆུང་། སྟོན་པ་ཡོན་ཏན་འབར། སྒོམ་པ་རིན་ཆེན་བླ་མ། ཨ་མེས་སྨན་རྒན་བཅས་ཡིན། རྭ་སྒྲེང་དགོན་པའི་གདན་རབས་གསུམ་པ་ཡིན། མཚན་གཞན། དགོན་པ་བ།

{{#arraymap:འཛེང་དབང་ཕྱུག་རྒྱལ་མཚན་

|; |@@@ | | }}