69604
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་དང་པོའི་ཆུ་འབྲུག་ཕྱི་ལོ ༡༠༥༢ ལོར་ཡབ་བཀྲ་ཤིས་གཡུང་དྲུང་དང་། ཡུམ་འཚར་དགུ་བཟའ་སྐྱིད་དེ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བརྒྱད་བར་ཨ་ཞང་ལས་འབྲི་ཀློག་སྦྱངས། དམ་པ་རྒྱ་གར་ཡི་གེ་དྲུག་པའི་གདམས་ངག་ཞུས། བསྒྲུབས་པ་མཛད་པས་བྱིན་རླབས་ཐུན་མོང་མ་ཡིན་པ་བྱུང་། དབུས་སུ་བྱོན་ཏེ་ཨ་ཁུ་དཔལ་འབར་དང་། སྣུབས་ཤངས་པོ་ཆེ། བ་རི་ལོ་ཙཱ་བ་བཅས་ལས་ཁྲག་འཐུང་ལ་སོགས་པའི་གསང་སྒྲུབ་མང་དུ་ཞུས། སོ་ལྔ་པར་སྦ་སྒོམ་ཡེ་ཤེས་བྱང་ཆུབ་ལས་རྡོ་རྗེ་ཟབ་པའི་གདམས་ངག་ཞུས། ཡུ་མོ་བ་ལས་དུས་འཁོར་གྱི་སྦྱོར་དྲུག་ཞུས། དབུ་རུར་ལྷ་རྗེ་སྙིང་སྒོམ་ལས་ཆོས་དྲུག་དང་སྐྱེས་སྦྱོར ལབ་སྒྲོན་ལས་གཅོད་ཡུལ། དགེ་བཤེས་དགྲོལ་སྒོམ་ལས་ནཱ་རོ་ཐབས་ལམ་བཅུ་བཅས་ཞུས། རྟོགས་པ་ཁྱད་པར་ཅན་འཁྲུངས་ཏེ་དཔའ་བོ་འཛེང་ཆུང་ཞེས་མཚན་ཐོགས། བླ་མ་རྣམས་ལ་བསྟེན་ནས་ཞབས་ཏོག་ལེགས་པར་བསྒྲུབས། ཆོས་ཀུན་ལ་ནང་བྱན་ཆུད། དོན་ཐམས་ཅད་སྤྲོས་བྲལ་རྣམ་དག་ལ་སོང་། ཡི་དམ་ལྷ་ཡིས་ཞལ་གཟིགས། སྙན་བརྒྱུད་རྡོ་རྗེ་ཟམ་པའི་གདམས་ངག་འདི་ནས་དར་རྒྱས་བྱུང་བ་ཡིན། བརྒྱ་དང་བཅུ་བདུན་པ་རབ་བྱུང་གསུམ་པའི་ས་བྱི་ཕྱི་ལོ ༡༡༦༨ ལོར་སྐུ་གཤེགས། རྡོ་རྗེ་ཟམ་པའི་གདམས་ངག་ལ་ནང་བྱན་ཆུད་པའི་གསང་སྔགས་རྙིང་མའི་སློབ་དཔོན་ཆེན་པོ་ཞིག་ཡིན། སློབ་མ་གྲགས་ཆེ་བ་ནི་སློབ་དཔོན་ཀུན་བཟང་དང་། འཛེང་ཇོ་སྲས། མྱང་དྷརྨ་སིདྷ། སློབ་དཔོན་གསེར་ལུང་པ། བླ་མ་ངུ་རྡོ་རྗེ་རྒྱན། གཟིགས་ཡེ་ཤེས་དབང་པོ། གཡག་སྟོན་ཟླ་བ་འོད་ཟེར་བཅས་ཡིན། མཚན་གཞན། དཔའ་བོ་འཛེང་ཆུང་། |
{{#arraymap:འཛེང་སྒོམ་དྷརྨ་བི་དྷི་
|; |@@@ | | }}