69638
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བརྩི་བྱའི་བབས་སྤར་གྱི་ཁམས་དང་། གནམ་ལོའི་སྲོག་ཁམས་གཉིས་རང་ལོའི་སྲོག་ཁམས་ཀྱི་དགྲར་འགྲོ་བ་ལ་ཟེར་ཞིང་། འབྱུང་བ་ལྔ་པོར་དགྲ་ལྔ་ཡོད་པས་འཛོལ་རྡིབ་ཀྱང་ལྔ་ཡོད་པ་ཡིན། བླ་འཁྱམས་ཞེས་ཀྱང་གྲགས་པའི་འཛོལ་རྡིབ་འདི་འབྱུང་བ་དགྲ་གཤེད་དུ་བབས་པའི་རྩུབ་པ་ཡིན་པས། སྤྱི་བཅོས་སུ་ཚེ་ཆོག་དང་། བླ་བསླུ། དགྲ་མནན། དགྲ་བཟློག བྱིས་སྟོན། དཀོན་མཆོག་བཞི་མཆོད། ཉེ་འདོན་བཅས་བྱ་དགོས། བྱེ་བྲག་ཏུ་བྱི་ཕག་གནམ་ལོར་ཤར་དུས་རང་ལོ་རྟ་སྦྲུལ་ཡིན་པའི་བརྩི་བྱ་དག་གི་བབས་སྤར་ཁམ་ལ་བབས་པའི་འཛོལ་རྡིབ་ཡིན་ན། མེ་ཆུ་དོང་དུ་ལྷུང་བ་སྟེ་ཁ་སྨྲས་དང་མྱ་ངན་འོང་ཞིང་སྲོག་ལ་རྩུབ་པས། དཔོན་གཡོག་གསུམ་མདོས་དང་། བྱ་དགུ་མཚོ་དགུའི་བཅོས་བྱ་དགོས། རྟ་སྦྲུལ་གནམ་ལོར་ཤར་དུས་རང་ལོ་བྱ་སྤྲེལ་ཡིན་པའི་བརྩི་བྱ་དག་གི་བབས་སྤར་ལི་ལ་བབས་པའི་འཛོལ་རྡིབ་ཡིན་ན། ལྕགས་སོལ་མེར་བསྲེགས་པ་སྟེ་མེས་འཚིག་དམར་དང་བྱེ་བྲལ་གྱི་ངོ་ཡོད་པས། མཚོན་བསྒྱུར་བཙན་དང་མ་མོའི་བཅོས་བྱ་དགོས། བྱ་སྤྲེལ་གནམ་ལོར་ཤར་དུས་རང་ལོ་སྟག་ཡོས་ཡིན་པའི་བརྩི་བྱ་དག་གི་བབས་སྤར་དྭ་ལ་བབས་པའི་འཛོལ་རྡིབ་ཡིན་ན། བླ་དགྲ་ཡུལ་དུ་འཁྱམས་ཤིང་ཚེ་ཉམས་པ་དང་། ལུས་ལ་གྲི་ངོ་བཅས་ཡོད་པས། ཏོག་གཟུངས་ཀློག་པ་དང་བདུད་མདོས་གཏོང་དགོས། གཤེད་བཞི་གནམ་ལོར་ཤར་དུས་རང་ལོ་བྱི་ཕག་ཡིན་པའི་བརྩི་བྱ་དག་གི་བབས་སྤར་མཚམས་བཞིར་བབས་པའི་འཛོལ་རྡིབ་ཡིན་ན། བྱུར་ཞྭ་གྱོན་ཞིང་ཤུ་ཐོར་ལྕི་འཐིབས་དང་དངངས་སྐྲག་མྱ་ངན་གྱི་ངོ་ཡོད་པས། གཉན་པའི་ས་བདག་དང་དཀོར་གྱི་བདག་པོའི་བཅོས་བྱ་དགོས། སྟག་ཡས་གནམ་ལོར་ཤར་དུས་རང་ལོ་གཤེད་བཞི་ཡིན་པའི་བརྩི་བྱ་དག་གི་བབས་སྤར་ཟིན་ལ་བབས་པའི་འཛོལ་རྡིབ་ཡིན་ན། ཚེ་ཕུར་ཟུག་ཅིང་ཤི་ཆད་ནད་རིམས་དང་མི་བདེ་བ་བཅས་འབྱུང་བས། མ་རྒྱལ་ཀླུ་གསུམ་མདོས་ཀྱི་བཅོས་བྱ་དགོས། |
Domain | རྩིས་རིག |
{{#arraymap:འཛོལ་རྡིབ་ལྔ་
|; |@@@ | | }}