69857

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:17, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འོག་ནས་འཆད་པའི་ཡན་ལག་གི་སེལ་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། འོག་ནས་འཆད་པའི་རྫུ་འཕྲུལ་ཅན་མ་ཡིན་པ་དང་ལུས་མ་ཉམས་པ་སོགས་ཡན་ལག་བཅོ་བརྒྱད་གང་རུང་ཞིག་མ་ཚང་ན་སྨད་དུ་འགྱུར་བ་ཞིག་ལ་ཟེར། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། འོག་ནས་འཆད་པའི་ཡན་ལག་གི་སེལ་བ་ལ་ཅིར་འགྱུར་ཀྱང་ཡོད་དེ། འོག་མ་དག་ལ་ནི་གཞན་ལ་ན་སྨད་པ་ཉིད་དོ། །དུ་མ་མ་ཚང་བ་ལ་ནི་དེ་བས་ཀྱང་ངོ་། །མི་ལ་དུད་འགྲོ་ཡང་ངོ་། ཞེས་འབྱུང་བ་ལྟར། འོག་ནས་འཆད་པའི་ཡན་ལག་བཅོ་བརྒྱད་པོ་ཐམས་ཅད་ལས་གང་རུང་གཅིག་མ་ཚང་ན་རང་རང་གི་ན་སྨད་དུ་འགྱུར་བ་དང་། དུ་མ་མ་ཚང་ན་དེ་བས་ཀྱང་ཆེས་ན་སྨད་དུ་འགྱུར་བ་ཡིན་པའི་ཕྱིར།
Example དུད་འགྲོ་དང་ལྷན་ཅིག་ལུས་ཀྱི་རེག་པ་སོགས་ལ་ཉེས་བྱས་བསྐྱེད་པ་ལྟ་བུ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:འོག་ནས་འཆད་པའི་ཡན་ལག་གི་སེལ་བ་

|; |@@@ | | }}