69877

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:17, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འོག་མིན་བདུན་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། འོག་མིན་བདུན་ནི། རིག་པའི་འོག་མིན་དང་། དོན་གྱི་འོག་མིན་དང་། རྟོགས་པའི་འོག་མིན་དང་། གསང་བའི་འོག་མིན་དང་། བགྲངས་པའི་འོག་མིན་དང་། ལོངས་སྤྱོད་ཆེན་པོའི་འོག་མིན་བཅས་བདུན་དུ་གསུངས་ཏེ། དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། སྤྱིར་འོག་མིན་ཞེས་པ་ནི་གོང་གཞན་གྱིས་མ་ཆོད་པ་སྟེ། བྱེ་བྲག་ཏུ་རང་རིག་པའི་གོང་གང་གིས་ཀྱང་མ་ཆོད་པའི་རིག་པའི། དོན་ཆོས་ཉིད་ཀྱི་གོང་གང་གིས་ཀྱང་མ་ཆོད་པ་དོན་གྱི། ལྷ་རྟོགས་དབྱེར་མེད་ཀྱི་གོང་གང་གིས་ཀྱང་མ་ཆོད་པ་ནི་རྟོགས་པའི། ཡུམ་གྱི་མཁའི་བདེ་བ་གོང་གང་གིས་ཀྱང་མ་ཆོད་པ་ནི་གསང་བའི། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ནི་བགྲངས་པའི། གཟུགས་ཁམས་ཀྱི་རྩེ་མོ་ནི་འཇིག་རྟེན་གནས་ཀྱི་ལོངས་སྤྱོད་ཆེན་པོའི་འོག་མིན་དང་བདུན། ཞེས་གསུངས།
Domain ཆོས་ལུགས།