69882
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། སྟོན་པ་འཆི་མེད་གཙུག་ཕུད་ཀྱིས་རྩ་རྒྱུད་ཆེན་པོ་གསང་བ་བསེན་ཐུབ་དེ་ཉིད་གསུངས་སའི་གནས་ཕུན་སུམ་འཚོགས་པ་སྟེ། དེ་ལ་ཡང་ཕྱི་ནང་གསང་བ་གསུམ་སྟེ། ཕྱི་ནི་ས་བཅུ་འདས་པའི་བོན་ཉིད་ཀྱི་དབྱིངས་སྐྱེ་བ་མེད་པའི་དོན་ལ་དངོས་མཚན་གྱི་སྤྲོས་པར་མི་འགྱུར་བ་དང་། ནང་ནི་ཀུན་ཏུ་བཟང་པོའི་ཐུགས་ཉིད་མཚོན་པའི་ཡུལ་ལས་འདས་པ་དཔེ་དོན་མཚོན་པའི་སྤྲོས་པར་མི་འགྱུར་བ་དང་། གསང་བ་ནི་ཀུན་གཞི་རང་བཞིན་གྱིས་རྣམ་པར་དག་པའི་ངང་དུ་བློ་རྟོག་གི་སྤྲོས་པར་མི་འགྱུར་བའོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |