70141

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:18, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འོལ་དགའ་ཕྱོགས་སུ་དར་བའི་དགེ་ལྡན་པའི་དགོན་སྡེ་བཅུ་དྲུག་ (1)
Part of speech མིང་ཚིག
Definition ༡ འོལ་དགའ་རྫིང་ཕྱི་ནི། གར་མི་ཡོན་ཏན་གཡུང་དྲུང་གིས་བཏབ། ཨང་དང་གྲྭ་པ་ཕྱེད་བཞི་བརྒྱ་སྐོར། ༢ འོལ་དགའ་བསམ་གླིང༌ནི། དང་པོར་རྗེ་སྒམ་པོ་བས་སྒྲུབ་པ་མཛད། དེ་རྗེས་གདན་ས་ཐེལ་བའི་རྟོག་ལྡན་མི་བརྒྱད་ཀྱིས་བཟུང་མཆོད་ཁང་བརྩིགས། ཨང་དང་གྲྭ་པ་བརྒྱད་ཅུ་གྱ་བཞི་སྐོར། ༣ ཆུ་བཟང་དགོན་པ་ནི། རྗེའི་དངོས་སློབ་དྲུང་ཆེན་བསོད་ནམས་བློ་གྲོས་པས་བཏབ། ཨང་དང་གྲྭ་པ་བརྒྱད་ཅུ་གྱ་གཉིས་སྐོར། ༤ ཆོས་ལུང༌ནི། འཇམ་མགོན་ཆོས་ཀྱི་རྒྱལ་པོའི་བསག་སྦྱངས་མཛད་ཡུལ་ཡིན། དེང་སང་དགེ་སློང་བཅུ་དྲུག་སྐོར། ༥ ཉི་མ་གླིང༌ནི། རྗེ་བདག་ཉིད་ཆེན་པོའི་འཁོར་དག་པ་རྣམ་བརྒྱད་ཀྱི་ནང་ཚན་རྣལ་འབྱོར་པ་བྱང་ཆུབ་སེང་གེས་བཏབ། ཨང་དང་གྲྭ་པ་དྲུག་ཅུ་རེ་དྲུག་སྐོར། ༦ རི་བོ་གསེར་གླིང༌ནི། འཇམ་མགོན་བླ་མའི་གསོལ་ཇ་པ་ཡོན་ཏན་བློ་གྲོས་ཀྱིས་བཏབ། ཨང་དང་གྲྭ་པ་བཞི་བཅུ་ཞེ་དྲུག་སྐོར། ༧ བྱམས་པ་གླིང༌ནི། རྗེ་བཙུན་ཙོང་ཁ་ཆེན་པོའི་གཟིམས་ཁང་དཀར་པོར་བླ་མ་ཁམས་པས་མཆོད་ཁང་བཞེངས། ད་ལྟ་དགེ་སློང་བརྒྱད་རེ་མ་ཆག་པར་བཞུགས། ༨ རིན་ཆེན་སྒང༌ནི། ཐོག་མར་དཔལ་ཆོས་ཀྱི་གྲགས་པས་གཞི་བཏིང་། ཨང་དང་གྲྭ་པ་དྲུག་རེ་བརྒྱད་སྐོར། ༩ སླེབ་རི་དགོན་ནི། སེམས་དཔའ་ཆེན་པོ་བློ་གྲོས་རྒྱལ་མཚན་གྱི་སློབ་མ་བསམ་གཏན་བཀྲ་ཤིས་པས་བཏབ། ཨང་དང་གྲྭ་པ་ཉིས་བརྒྱ་སྐོར། ༡༠ མོ་དགེ་ལུང༌ནི། སྔར་བཀའ་བརྒྱུད་པས་འཛིན་ཡང་ཕྱིས་དྲུང་པ་མཁས་བཙུན་པས་དགེ་ལུགས་པའི་དགེ་སློང་རྣམ་དག་རེ་བཞུགས་པར་གྲགས་ཀྱང་ད་ལྟ་རི་ཁྲོད་པའི་རིགས་མི་འདུག ༡༡ འོལ་དགའ་གར་ཕུག་ནི། མཁའ་འགྲོ་གར་བྱེད་པའི་མིང་ཡང་ཐོགས་ལ་སློབ་དཔོན་པདྨས་ཟླ་གཅིག་ཙམ་བཞུགས། ཡུམ་གཏེར་ཆ་གཅིག་སྦས་ཤིང་བར་དུ་བཀའ་བརྒྱུད་པས་མཆོད་ཁང་བརྩིགས། ད་ལྟ་དགེ་སློང་བསླབ་པ་རྒན་རིམ་གྱིས་མདོ་བསྐུལ་ཙམ་བྱེད་སྐབས་ཡིན་ཅིང་། སོ་སོར་དགེ་སློང་བཅུ་སྐོར། ༡༢ ཆོས་འཁོར་རྒྱལ་ལེགས་བཤད་སྒྲོག་པའི་དགའ་བའི་ཚལ་ནི། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་བཏབ། ཨང་དང་གྲྭ་པ་བཞི་བརྒྱ་བདུན་ཅུ་གོ་གཅིག་སྐོར། ༡༣ དྭགས་པོ་གྲྭ་ཚང༌ནི། འཇམ་དབྱངས་བདུན་བརྒྱུད་ཀྱི་དྲུག་པ་ཆོས་རྗེ་བློ་གྲོས་བརྟན་པས་བཏབ། ཨང་དང་གྲྭ་པ་སུམ་བརྒྱ་སུམ་ཅུ་སྐོར། ༡༤ དྭགས་པོ་མངའ་རིས་གྲྭ་ཚང༌ནི། རྗེ་བླ་མའི་ཡང་སྲིད་གོང་མ་པཎ་ཆེན་དགེ་འདུན་རྒྱ་མཚོས་བཏབ། ཨང་དང་གྲྭ་གྲངས་ཉིས་བརྒྱ་བཞི་བཅུ་སྐོར། ༡༥ དྭགས་པོ་སྒར་པ་གྲྭ་ཚང༌ནི། རྡོ་རྗེ་འཆང་སྦྱིན་པ་དཔལ་གྱི་སློབ་མ་རྒྱལ་ཚབ་པ་སངས་རྒྱས་རིན་ཆེན་གྱིས་བཏབ། ཨང་དང་གྲྭ་པ་དྲུག་ཅུ་རེ་བཞི་སྐོར། ༡༦ དྭགས་པོ་རྣལ་རྒྱལ་གྲྭ་ཚང༌ནི། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་བཏབ། ད་ལྟ་ཨང་ཀི་དང་པོའི་ཡང་རྩེ་ཨང་མེད་གྲྭ་གྲངས་བརྒྱ་དང་བརྒྱད་ཅུ་སྐོར་བཅས་སོ། །
Domain ལོ་རྒྱུས།

{{#arraymap:འོལ་དགའ་ཕྱོགས་སུ་དར་བའི་དགེ་ལྡན་པའི་དགོན་སྡེ་བཅུ་དྲུག་

|; |@@@ | | }}