70150
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཤ་མདོག་འདྲ་ལ་རྩ་ཕྲན་མང་ཞིང་མདུད་པ་བརྒྱབ་པ་འདྲ་བ་དང༌། སྡོང་པོ་ལྗང་ལ་སྨུག་མདངས་ཡོད་པ་སྟོར་ཆད་ཁ་དབྲག་སྐྱེ་ཞིང༌། ལོ་མ་ལྗང་གུ་ཆེ་ལ་འཇམ་ཞིང་འོད་ཡོད་པ་གཏིང་རིང་གས་པས་སྦར་དབྱིབས་ཏེ་སྟེ། རྩེ་ལྔ་ཅན་གྱི་མཐར་ངེས་གཏན་མེད་པའི་ཉག་ག་སོག་ལེའི་ཁ་འདྲ་བ་ཡོད་པ་རྣམས་སྡོང་རྐང་གི་རྩེར་སྐྱེ་བ། མེ་ཏོག་ཟིང་དཀར་འདབ་མ་དྲུག་དང་ལྡན་པ་སྡོང་པོ་ཁ་དབྲག་གྱེས་མཚམས་ཀྱི་སྨད་ཆར་འཆར་བ། མེ་ཏོག་ཡལ་རྗེས་འབྲས་བུ་ལུ་གུའི་རླིག་ཁུག་འདྲ་བ་སྨིན་ནས་ནང་དུ་འབྲུ་གུ་སྨུག་པོ་མཁྲེགས་ཤིང་མངར་ཁུ་གར་མོས་གང་བ་འདོགས་པ་སྟེ། ཉིང་ཁྲི་ས་ཁུལ་དང༌། སྤོ་ཡུལ། གྲོ་མོ། གཉའ་ནང༌། སྐྱིད་གྲོང༌། མཚོ་སྣ་སོགས་ནགས་ཁུལ་དང༌། བཞའ་ཚན་ཆེ་ཙམ་ཡིན་པའི་ས་ལས་སྐྱེ་བ་མང༌། འབྲས་བུ་བོད་ཟླ་བདུན་པ་ཙམ་ལ་དམར་པོ་ཆགས་སྐབས་བཏུས་ཏེ་མ་རུལ་བར་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་ལྕི་ཞིང་འཇམ་པས་མངལ་གྱི་ནད་དང༌། ཟླ་མཚན་འགགས་པ། བུ་དང་ཤ་མ་འགགས་པ། མོ་ནད་ཁྲག་ཚབས་སོགས་ལ་ཕན་པ་ཡིན། |
Domain | གསོ་རིག |
{{#arraymap:འོལ་མོ་སེ་
|; |@@@ | | }}