70202

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:18, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡ་ཆེན་དགོན་ (1)
Part of speech མིང་ཚིག
Definition སྔོན་རབ་བྱུང་བཞི་པའི་དུས་ཁྲོམ་གྱི་ཕྱོགས་ཀཿདམ་པ་བདེ་གཤེགས་ཀྱི་སློབ་ཏུ་བྱང་ཆུབ་འབུམ་པས་སྨད་མདོ་ཁམས་གངས་ཀྱི་ར་བ་བྱེ་བྲག་ཁྲོམ་ཡ་ཆེན་སུམ་མདོ་ཞེས་པར་ལྷ་ཁང་བཞེངས་ནས་ཆོས་སྒར་བཏབ་པ་ཡིན། དེ་རྗེས་འཇང་ས་དམ་རྒྱལ་པོས་ཁྲོམ་ཁྲི་དཔོན་གྱི་བུ་མོ་ཞིག་ཡོད་པ་གཡོག་པོས་ཁུར་ནས་བྲོས་ཏེ་གཙང་ས་སྐྱ་ལ་སོང་། ས་སྐྱའི་ཇོ་སྲས་དང་འཕྲད། ས་སྐྱའི་བདག་ཆེན་གྱིས་ཁམས་དབུས་ཁྲོམ་ཕྱོགས་ལ་འགྲོ་ན་བཟང་བར་ལུང་བསྟན་ལྟར་ཁྲོམ་ཁོག་ལ་ཕེབས། དེས་དགོན་པ་བཏབ་པ་དང་ཉམས་གསོ་མཛད་པར་གྲགས། ཁྲོམ་ཁྲི་དཔོན་གྱི་གདུང་བརྒྱུད་ཁྲོམ་དགེ་ཚང་གི་དབོན་པོ་ཡིད་བཞིན་དབང་རྒྱལ་གྱི་ཡང་སྲིད་ཨ་རིག་ནི་བསྟན་འགྲོའི་དོན་དུ་རི་ཁྲོད་ངེས་མེད་དུ་བྱོན་ནས་གདན་ས་འདི་ཡིན་གྱི་ངེས་པ་མེད་པར་བྱས་སྐུ་ཚེ་སྨད་ཞི་བར་གཤེགས་ཁར་བཀའ་ཡི་གནང་བ་དང་བཅས་ཡ་ཆེན་དགོན་པ་ཡིན། ད་དུང་ཡང་སྤྲུལ་དེ་ཉིད་ཀྱིས་འཁྲུངས་ཡུལ་ཕ་མ་སོགས་ཞལ་ཆེམས་གསལ་བོར་བཞག་པས་དེ་ལྟར་ངོས་འཛིན་བྱས་པ་ཡིན། དེའི་དངོས་སློབ་མཁན་པོ་ཨ་ཁྱུག་གིས་ལུང་རྟོགས་ཀྱི་བསྟན་པ་འཕེལ་རྒྱས་སུ་བཏང་། རྒྱལ་བ་ཀཿཐོག་དགོན་པའི་ཆོས་འབྱུང་ལས་ཡ་རྩེ་དགོན་པ་ཞེས་གསུངས་པ་ཡིན་ཡང་། པདྨ་མཁའ་འགྲོ་ལུང་བྱང་ལྟར་ཨོ་རྒྱན་བསམ་གཏན་གླིང་ཞེས་གྲགས་པ་ཡིན།

{{#arraymap:ཡ་ཆེན་དགོན་

|; |@@@ | | }}