70407
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རིགས་པ་ཅན་པ་དང་། བྱེ་བྲག་པ་ལ་སོགས་པ་གཞན་སྡེ་དག་གིས་རྟགས་ཡང་དག་ལ་འབྲས་རང་མ་དམིགས་པའི་གཏན་ཚིགས་གསུམ་དུ་མ་འདུས་པའི་དེ་གསུམ་ལས་གཞན་པའི་རྟགས་གཞན་བཞི་པར་འདོད་པ་དགག་པའི་གཞུང་ཚིག་ཅིག ། དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། རྒྱུ་ཚོགས་པས་འབྲས་བུ་སྐྱེ་བར་དཔོག་པ་རྟགས་གཞན་བཞི་པར་འདོད་པ་དགག་པ་དང་། ཚོགས་པ་གཅིག་པ་རྟོགས་པའི་རྟེན་རྟགས་གཞན་བཞི་པར་འདོད་པ་དགག་པ་གཉིས་སུ་ཡོད་པའི་ཕྱིར། རྣམ་འགྲེལ་རྩ་བ་ལས། ནུས་པ་འཇུག་པ་མེད་པར་ནི། །རོ་མེད་དེ་ཉིད་གཞན་གྱི་རྒྱུ། །དེ་ལྟར་འདས་དུས་གཅིག་རྣམས་རྟོགས། །དེ་ནི་འབྲས་བུའི་རྟགས་ལས་སྐྱེས། །ཞེས་འབྱུང་བ་ལས། ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུ་རོ་སྔ་མས་བུར་གཟུགས་ད་ལྟར་བ་བསྐྱེད་པའི་ནུས་པ་ཡོད་པར་སྒྲུབ་པའི་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་གཅིག་པོ་དེ་ལ་བརྟེན་ནས། བུ་རོ་ད་ལྟར་བའི་རྟགས་ཀྱིས་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུ་རོ་སྔ་མས་བུར་གཟུགས་ད་ལྟར་བ་བསྐྱེད་པའི་ནུས་པ་ཡོད་པར་རྟོགས་པའི་རྗེས་དཔག་དང་། བུར་གཟུགས་ད་ལྟར་བ་ཡོད་པར་རྟོགས་པའི་རྗེས་དཔག་གཉིས་སྐྱེས་པའི་ཕྱིར། ཅེས་གསུངས། |
| Domain | ཚད་མ། |