70449
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། གཞན་དོན་ལ་དམིགས་པའི་ཐུགས་རྗེའི་ཐབས་ཀྱི་དྲག་པོའི་ཚུལ་སྤྱོད་འགའ་ལ་བརྗོད་པ་སྟེ། དེ་ཉིད་ལོག་པའི་ཞེ་སྡང་རང་མཚན་པ་མ་ཡིན་པས་ཡང་དག་ཅེས་བྱ་ལ། དེ་ལ་ཡང་ལོག་པའི་ཞེ་སྡང་དང་འདྲ་བའི་རྣམ་པ་ཕྱོགས་རེ་བ་ཙམ་ཡོད་པས་ཞེ་སྡང་ཞེས་བཏགས་པ་སྟེ། འགུ་ཡ་ལས། ཡང་དག་པ་ཡི་ཞེ་སྡང་ནི། བསྒྲལ་བའི་ཞིང་བཅུ་བརླག་པ་ཡི། ཐབས་ཀྱིས་ཟིན་ནས་སྒྲོལ་བྱེད་པ། ཡང་དག་པ་ཡི་ཞེ་སྡང་དེ། བསྒྲལ་བའི་ཞིང་བཅུ་བརླག་པའི་(དོན)། ཐམས་ཅད་ནང་ནས་མཆོག་ཡིན་ནོ། ཡང་དག་ཉོན་མོངས་ཆེན་པོ་ཡི་(ཡིས)། རྟག་ཆད་གཉིས་སུ་ལྟ་བ་ཡི། ལྟ་བ་ངན་པ་འཇོམས་པ་ཡང་། དེ་བཞིན་ཞེ་སྡང་མཆོག་ཏུ་གྱུར། ཐབས་མཁས་ཉིད་དང་ལྡན་པ་ཡི། སྤྱོད་པ་ཡིན་ཏེ་གཞན་ཡུལ་མིན། ཞེས་དང། དེ་ཡང་དོན་དུ་གཞན་དོན་ལ་དམིགས་པའི་སྤྱོད་པ་རླབས་པོ་ཆེ་སྟེ། ཐུགས་བརྩེ་བ་ཆེན་པོས་འགྲོ་བ་ཡོངས་ལ་ཁྱབ་པར་སྙོམས་ཡང་། བསྟན་དང་འགྲོ་བ་ལ་ཤིན་ཏུ་འཚེ་བར་བྱེད་པ་བསྒྲལ་བའི་ཞིང་དུ་གྱུར་པའི་བདུད་སྲིན་ལོག་པ་རྣམས་བསྒྲལ་ཞིང་ཐར་པར་འགོད་པའི་ཐབས་སུ། འཇིགས་རྔམ་དྲག་པོའི་ཆ་བྱད་ཅན་གྱི་འབར་བ་ཁྲོ་བོའི་སྐུ་རུ་བཞེངས་ཞིང་གསུང་བསྭོ་ཆ་ཧ་ལའི་སྒྲ་སྐད་སོགས་སྒྲོགས་ཏེ། ཐུགས་རྗེའི་ཐབས་ཀྱིས་བསྒྲལ་བའི་ཞིང་བདུད་སྲིན་ལོག་པ་ཅན་རྣམས་བསྒྲལ་ཏེ་རླག་པར་བྱེད་པའི་དྲག་པོའི་ཕྲིན་ལས་དང། མུ་སྟེགས་རྟག་ཆད་ཀྱི་ལྟ་བ་ངན་པ་རྣམས་ཟིལ་གྱིས་གནོན་ཅིང་འཇོམས་པར་བྱེད་པ་ཐེག་ཆེན་གསང་སྔགས་ཀྱི་ལྟ་སྤྱོད་རླབས་པོ་ཆེ་སྟེ་རྟགས་དང་མཚན་མ་སེང་གེའི་ང་རོ་དང་མཚུངས་པ་རྣམས་སོ། །དེ་དག་ཀྱང་རྟེན་ཐུགས་རྗེ་ཆེ་ལ་ཐབས་མཁས་དང་ལྡན་པ་དག་གིས་སྤྱོད་པ་ལས་དེ་མིན་བློ་ཆུང་དམན་པ་རྣམས་ཀྱིས་སྤྱོད་པར་མི་ནུས་པར་གསུངས་སོ། ། འོན་ཏེ། དེ་དག་ལ་ཞེ་སྡང་ཞེས་འདོགས་པའི་ཚུལ་ནི། ལོག་པའི་ཞེ་སྡང་དང་རྣམ་པའམ་ཁྱད་པར་ཕྱོགས་རེ་ཙམ་ལ་འདྲ་བས་བཏགས་པ་སྟེ། དྲག་པོའི་ཚུལ་སྤྱོད་ཀྱི་རྣམ་པའི་ཕྱོགས་ཙམ་ལ་འདྲ་བ་ཡོད་པ་དེ་ཉིད་རྒྱུ་མཚན་དུ་བྱས་ཏེ་བཏགས་པ་ཡིན་པ་རིག་པར་བྱའོ། ། |
| Domain | ཆོས་ལུགས། |