70808
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཡར་འབྲོག་སྟག་ལུང་ཐར་གླིང་ཆོས་སྡེ་ནི། སྟག་ཚང་ལོ་ཙཱ་བས་ཕྱག་བཏབ། དེ་ནི་ཡར་འབྲོག་གི་གཡུ་མཚོའི་ཉེ་འདབས་སུ་ཆགས་ཤིང་། འདུ་ཁང་ཀ་བ་ཉི་ཤུ་པ་ན། བཀའ་འགྱུར་ཆ་གཉིས་སོགས་དང༌། འདུ་ཁང་དུ་རྡོ་རྗེ་གདན་པ་རྫོང་པ་ཀུན་དགའ་རྣམ་རྒྱལ་གཏེར་སྐུ་ཡིན་ཟེར་བའི་སྒྲོལ་མ་མདའ་ཚད་ཙམ་བྱིན་ཅན་ལི་མ། དབུ་རྩེར་གཡག་ཕྲུག་སངས་རྒྱས་དཔལ་བས་བསྣམས་འོང་བ་རྡོ་ནག་ལ་མ་ཎི་ཡོག་དྲུག ལམ་འབྲ་བླ་བརྒྱུད་མདའ་ཚད་མ་ཉེར་བརྒྱད་སོགས་ཡོད། ཆོས་སྡེ་འདིར་ཡོལ་གཞོན་ནུ་བློ་གྲོས་ཀྱི་རྣམ་ཐར་ལས་བྱུང་བ། ཡར་འབྲོག་སྟག་ལུང་ཐར་གླིང་ཆོས་སྡེ་ནས་སྔགས་རམས་པ་བྱོན་ཏེ། གུར་མགོན་གྱི་ཆོས་སྐོར་ཞུ་པར་ཆོས་སྐོར་གྱི་དོད་ཙམ་བསྩལ་སྐོར་གསལ། |