71207

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:23, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡིད་ཀྱི་ཁམས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། རྣམ་ཤེས་དྲུག་ལས་ཐ་དད་པའི་ཡིད་ཀྱི་ཁམས་གང་ཞེ་ན། དེ་དག་ལས་གཞན་ནི་མེད་ཀྱི་མིག་གི་རྣམ་ཤེས་ལ་སོགས་པ་དྲུག་པོ་དེ་དག་ཉིད་ལས་འདས་མ་ཐག་པའི་གནས་སྐབས་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་དེ་ལ་བཏགས་ནས་ཡིད་ཉིད་དུ་བརྗོད་དོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:ཡིད་ཀྱི་ཁམས་

|; |@@@ | | }}

ཡིད་ཀྱི་ཁམས་ (2)
Part of speech མིང་ཚིག
Definition ཡིད་ཀྱི་ཁམས་ཀྱི་མཚན་ཉིད། ཉེར་སྤྱོད་ཡིད་ཀྱི་རྣམ་པར་ཤེས་པ་གནས་ཀྱི་སྒོ་ནས་འཛིན་པ་དང། ཡིད་ཀྱི་ས་བོན་གང་རུང་གིས་བསྡུས་པའི་སྒོ་ནས་དབང་པོའི་ཁམས་སུ་བཞག་པའོ་ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་སོ། །

{{#arraymap:ཡིད་ཀྱི་ཁམས་

|; |@@@ | | }}

ཡིད་ཀྱི་ཁམས་ (3)
Part of speech མིང་ཚིག
Definition མིག་གི་རྣམ་ཤེས་སོགས་དྲུག་པོ་འདས་མ་ཐག་པ་སྟེ་སྐད་ཅིག་སྔ་ཕྱི་བར་མ་ཆད་དུ་བྱུང་བའི་རྣམ་ཤེས་གང་ཡིན་པ་དེ་ཡིད་ཀྱི་ཁམས་ཡིན་པའི་ཕྱིར།

{{#arraymap:ཡིད་ཀྱི་ཁམས་

|; |@@@ | | }}