71218

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:23, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡིད་ཀྱི་དཔྱོད་པ་བཅོ་བརྒྱད་ (1)
Part of speech མིང་ཚིག
Definition འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་སྟེ། ༡ མིག་གིས་གཟུགས་མངོན་ནས་ཡིད་བདེ་བའི་གནས་སུ་འགྱུར་བ་ནི། ཀུན་ནས་ཉོན་མོངས་པ་མི་དགེ་བའི་རྣམ་པར་སྨིན་པར་འགྱུར་བ་སོ་སོར་མྱོང་བར་བྱེད་ཅིང་ཡང་དག་པར་རབ་ཏུ་རྟོག་པར་བྱེད་དོ། །༢ ཡིད་མི་བདེ་བའི་གནས་སུ་འགྱུར་བ་ནི། འདོད་ཆགས་དང་བྲལ་བ་ཡིན་ཏེ། དེའི་དགེ་བའི་ཆོས་རྣམ་པར་སྨིན་པ་ཡིན་ནོ། །༣ བཏང་སྙོམས་ཀྱི་གནས་སུ་འགྱུར་བ་ནི། ལུང་དུ་མ་བསྟན་པའི་རྣམ་པར་སྨིན་པར་འགྱུར་བ་ཡིན་ནོ། །༤ རྣ་བས་སྒྲ་ཐོས་ནས་ཡིད་བདེ་བའི་གནས་སུ་འགྱུར་བ་ནི། ཀུན་ནས་ཉོན་མོངས་པའི་མི་དགེ་བའི་རྣམ་པར་སྨིན་པ་ཡིན་ནོ། །༥ ཡིད་མི་དགེ་བའི་གནས་སུ་འགྱུར་བ་ནི། རྣམ་པར་བྱང་བ་ལ་དམིགས་པའི་དགེ་བའི་རྣམ་པར་སྨིན་པ་ཡིན་ནོ། །༦ བཏང་སྙོམས་ཀྱི་གནས་སུ་འགྱུར་བ་ནི། ལུང་དུ་མ་བསྟན་པའི་རྣམ་པར་སྨིན་པ་ཡིན་ནོ། །༧ སྣས་དྲི་བསྣམས་ནས་ཡིད་བདེ་བའི་གནས་སུ་འགྱུར་བ་ནི། ཀུན་ནས་ཉོན་མོངས་པ་མི་དགེ་བའི་རྣམ་པར་སྨིན་པ་ཡིན་ནོ། །༨ ཡིད་མི་བདེ་བའི་གནས་སུ་འགྱུར་བ་ནི། རྣམ་པར་བྱང་བ་དགེ་བའི་རྣམ་པར་སྨིན་པ་ཡིན་ནོ། ། ༩ བཏང་སྙོམས་ཀྱི་གནས་སུ་འགྱུར་བ་ནི། ལུང་མ་བསྟན་པའི་རྣམ་པར་སྨིན་པ་ཡིན་ནོ། །༡༠ ལྕེས་རོ་མྱོང་ནས་ཡིད་བདེ་བའི་གནས་སུ་འགྱུར་བ་ནི། ཀུན་ནས་ཉོན་མོངས་པ་མི་དགེ་བའི་རྣམ་པར་སྨིན་པ་ཡིན་ནོ། །༡༡ ཡིད་མི་བདེ་བའི་གནས་སུ་འགྱུར་བ་ནི། རྣམ་པར་བྱང་བའི་དགེ་བའི་རྣམ་པར་སྨིན་པ་ཡིན་ནོ། །༡༢ བཏང་སྙོམས་ཀྱི་གནས་སུ་འགྱུར་བ་ནི། ལུང་དུ་མ་བསྟན་པའི་རྣམ་པར་སྨིན་པ་ཡིན་ནོ། །༡༣ ལུས་ཀྱིས་རེག་བྱ་ལ་རེག་ནས་ཡིད་བདེ་བའི་གནས་སུ་འགྱུར་བ་ནི། ཀུན་ཉོན་མོངས་པ་མི་དགེ་བའི་རྣམ་པར་སྨིན་པ་ཡིན་ནོ། །༡༤ ཡིད་མི་བདེ་བའི་གནས་སུ་འགྱུར་བ་ནི། རྣམ་པར་བྱང་བ་དགེ་བའི་རྣམ་པར་སྨིན་པ་ཡིན་ནོ། །༡༥ བཏང་སྙོམས་ཀྱི་གནས་སུ་འགྱུར་བ་ནི། ལུང་དུ་མ་བསྟན་པའི་རྣམ་པར་སྨིན་པ་ཡིན་ནོ། །༡༦ ཡིད་ཀྱིས་ཆོས་ཤེས་ནས་ཡིད་བདེ་བའི་གནས་སུ་འགྱུར་བ་ནི། ཀུན་ནས་ཉོན་མོངས་པ་མི་དགེ་བའི་རྣམ་པར་སྨིན་པ་ཡིན་ནོ། །༡༧ ཡིད་མི་བདེ་བའི་གནས་སུ་འགྱུར་བ་ནི། རྣམ་པར་བྱང་བ་དགེ་བའི་རྣམ་པར་སྨིན་པ་ཡིན་ནོ། །༡༨ བཏང་སྙོམས་ཀྱི་གནས་སུ་འགྱུར་བ་ནི། ལུང་དུ་མ་བསྟན་པའི་རྣམ་པར་སྨིན་པ་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:ཡིད་ཀྱི་དཔྱོད་པ་བཅོ་བརྒྱད་

|; |@@@ | | }}