71220
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། དབང་མངོན་སྐད་ཅིག་ཕྱི་མ་རྣམས་ཡིད་མངོན་ཡིན་ཏེ། རང་གི་གཟུང་དོན་གྲོགས་སུ་ཡོད་པའི་དབང་མངོན་གཅིག་གིས་དེ་མ་ཐག་རྐྱེན་བྱས་པ་ལས་བྱུང་བའི་གཞན་རིག་གི་ཤེས་པ་རྟོག་བྲལ་མ་འཁྲུལ་བ་ཡིན་པའི་ཕྱིར། ཡིད་ཤེས་ཡིན་ཏེ། རང་གི་བདག་རྐྱེན་ཡིད་དབང་ལས་དངོས་སུ་སྐྱེས་པའི་ཤེས་པ་ཡིན་པའི་ཕྱིར་ཏེ་རང་དང་རིགས་མཐུན་པའི་རྣམ་ཤེས་སྔ་མ་བཀག་ཁ་མ་ལས་སྐྱེས་པའི་ཤེས་པ་ཡིན་པའི་ཕྱིར། ཞེས་འཆད་པ་འཐད་པ་འདྲའོ། །ཞེས་གསུངས། |
Domain | ཚད་མ། |
{{#arraymap:ཡིད་ཀྱི་དབང་པོའི་མངོན་སུམ་
|; |@@@ | | }}