71257

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:23, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡིད་ཁམས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཁམས་བཅོ་བརྒྱད་ནང་ཚན་གྱི་ཡིད་ཁམས་སོ།། དོན་གཅིག་ལ། ཡིད་ཁམས། ཡིད། ཡིད་ཀྱི་སྐྱེད་མཆེད། སེམས། སེམས་ཀྱི་གཞི། རྣམ་ཤེས། རྣམ་ཤེས་ཕུང་པོ་རྣམས་སོ།།
Domain ཆོས་ལུགས།
ཡིད་ཁམས་ (2)
Part of speech མིང་ཚིག
Definition སེམས་ཁམས་བདུན་དུ་ཕྱེ༌བའི་ནང་ཚན་གྱི་ཡིད་ཁམས་ཏེ། སེར་སྨད་རྒྱལ་དབང་མཛོད་ལས། ཡིད་ཀྱི་ཁམས་ཇི་ལྟར་འཇོག་ཅེ་ན། རྣམ་ཤེས་དྲུག་པོ་གང་རུང་མ་ཡིན་པའི་ཡིད་ཀྱི་ཁམས་མེད་ཀྱང༌། དེ་དྲུག་པོ་འདས་མ་ཐག་པའི་རྣམ་ཤེས་དེ་ལ་ཡིད་ཀྱི་ཁམས་སུ་བཏགས་ནས་བཞག་པའོ། །དགོས་པ་ཅིའི་ཕྱིར་ཞེ་ན། དབང་པོའི་རྣམ་པར་ཤེས་པ་ལྔ་ལ་ཐུན་མོང་མ་ཡིན་པའི་བདག་རྐྱེན་རྟེན་མིག་དབང་ལ་སོགས་པ་ཡོད་ལ། དྲུག་པ་ཡིད་ཀྱི་རྣམ་ཤེས་ཀྱི་བདག་རྐྱེན་དུ་གྱུར་པའི་རྟེན་མེད་དམ་སྙམ་པའི་དོགས་པ་སེལ་བའི་ཕྱིར་ཡིད་ཀྱི་ཁམས་ལོགས་སུ་ཕྱེ་ནས་དེའི་རྟེན་དུ་བཞག་པའོ། །ཡང་རྣམ་ཤེས་དྲུག་པོ་ཐམས་ཅད་ཡིད་ཀྱི་ཁམས་མ་ཡིན་ནམ། ཅིའི་ཕྱིར། འདས་མ་ཐག་པའི་རྣམ་ཤེས་ཁོ་ན་ཡིད་ཀྱི་ཁམས་སུ་འཇོག་ཅེ་ན། རྣམ་ཤེས་དྲུག་པོ་སྤྱིར་ཡིད་ཀྱི་ཁམས་ཙམ་ཡིན་མོད་ཀྱང༌། སེམས་ཁམས་བདུན་དུ་ཕྱེ༌བའི་ནང་ཚན་གྱི་ཡིད་ཁམས་ནི་མ་ཡིན་ཏེ། དེ་ལ་ནི་དྲུག་པ་ཡིད་ཀྱི་རྣམ་ཤེས་ཀྱི་བདག་རྐྱེན་དུ་འགྱུར་བའི༌འདས་མ་ཐག་པའི་རྣམ་ཤེས་ཁོ་ན་འཇོག་གི། ད་ལྟར་བ་དང༌། མ་འོངས་པའི་རྣམ་ཤེས་སོགས་མི་འཇོག་པའི་ཕྱིར། ཞེས་གསུངས།