71300
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མིག་གི་རྣམ་པར་ཤེས་པ་ལྟ་བུ་རྣམ་ཤེས་ཡིད་ལ་ཡིད་ཤེས་མ་ཡིན་པའི་མུ། ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་བྱུང་བའི་ཚོར་བ་ལྟ་བུ་ཡིད་ཤེས་ཡིན་ལ་རྣམ་ཤེས་མ་ཡིན་པའི་མུ། ཡིད་ཀྱི་རྣམ་པར་ཤེས་པ་ལྟ་བུ་ཡིད་དང་རྣམ་ཤེས་གཉིས་ཀ་ཡིན་པའི་མུ། སྒོ་ལྔའི་རྣམ་ཤེས་ཀྱི་འཁོར་དུ་བྱུང་བའི་ཚོར་བ་ལྟ་བུ་ཡིད་དང་རྣམ་ཤེས་གཉིས་ཀ་མ་ཡིན་པའི་མུའོ། ། |
| Domain | ཚད་མ། |