71301

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:23, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡིད་དཔྱོད་ (1)
Part of speech མིང་ཚིག
Definition ཡིད་དཔྱོད་ཅེས་པ་ནི། རང་ཡུལ་མཐའ་གཅིག་ཏུ་གསར་དུ་ངེས་ཀྱང་ཚད་མ་དང་ཚད་མས་དྲངས་པའི་ངེས་པ་འདྲེན་མི་ཐུབ་པའི་རྟོག་པ་དོན་མཐུན་ཞིག་སྟེ། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། བསླུ་བའི་ཞེན་རིག་དོན་མཐུན་ཡིད་དཔྱོད་ཀྱི་མཚན་ཉིད། མྱོང་བ་དང་རང་གི་རྟེན་རྟགས་ཡང་དག་གང་ལ་ཡང་མ་བརྟེན་པར་རང་ཡུལ་བདེན་པ་མཐའ་གཅིག་ཏུ་གསར་དུ་ངེས་པའི་ཞེན་རིག་དེ། རང་ཉིད་ཡིད་དཔྱོད་ཡིན་པའི་མཚན་ཉིད། དེ་ཡང་མྱོང་བ་ལ་མ་བརྟེན་ཞེས་པས་མངོན་སུམ་དང་ཡིད་དཔྱོད་ཀྱི་གཞི་མཐུན་ཡོད་པ་གཅོད། རང་གི་རྟེན་རྟགས་ཡང་དག་ལ་མ་བརྟེན་ཞེས་པས་རྗེས་དཔག་དང་ཡིད་དཔྱོད་ཀྱི་གཞི་མཐུན་ཡོད་པ་གཅོད། རང་ཡུལ་བདེན་པ་ཞེས་པས་ལོག་ཤེས་དང་ཡིད་དཔྱོད་ཀྱི་གཞི་མཐུན་ཡོད་པ་གཅོད། མཐའ་གཅིག་ཏུ་ཞེས་པས་ཐེ་ཚོམ་དང་ཡིད་དཔྱོད་ཀྱི་གཞི་མཐུན་ཡོད་པ་གཅོད། གསར་དུ་ངེས་ཞེས་པས་དཔྱད་ཤེས་དང་ཡིད་དཔྱོད་ཀྱི་གཞི་མཐུན་ཡོད་པ་གཅོད། ཞེན་རིག་ཅེས་པས་རྟོག་མེད་ཀྱི་ཤེས་པ་དང་ཡིད་དཔྱོད་ཀྱི་གཞི་མཐུན་ཡོད་པ་གཅོད། ཞེས་དང། ཡིད་དཔྱོད་ལ་དབྱེ་ན། རྒྱུ་མཚན་མེད་པའི་ཡིད་དཔྱོད། རྒྱུ་མཚན་མ་ངེས་པའི་ཡིད་དཔྱོད། རྒྱུ་མཚན་དང་འགལ་བའི་ཡིད་དཔྱོད། རྒྱུ་མཚན་མ་གྲུབ་པའི་ཡིད་དཔྱོད། རྒྱུ་མཚན་ཡོད་ཀྱང་གཏན་ལ་མ་ཕེབས་པའི་ཡིད་དཔྱོད་དང་ལྔ་ལས། སྒྲ་མི་རྟག་ཅེས་པའི་ངག་ཙམ་ལ་བརྟེན་ནས་སྒྲ་མི་རྟག་པར་འཛིན་པའི་བློ་དེ་དང་པོའི་མཚན་གཞི། དེས་སྒྲ་མི་རྟག་པའི་དམ་བཅའ་བརྗོད་པ་ཡིན་གྱི། སྒྲ་མི་རྟག་པའི་རྒྱུ་མཚན་མ་བརྗོད་པའི་ཕྱིར། གཞལ་བྱའི་རྟགས་ལས་སྒྲ་མི་རྟག་པར་འཛིན་པའི་བློ་དེ་གཉིས་པའི་མཚན་གཞི་ཡིན་ཏེ གཞལ་བྱ་སྒྲ་མི་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། དོན་བྱེད་ནུས་སྟོང་གི་རྟགས་ལས་སྒྲ་མི་རྟག་པར་འཛིན་པའི་བློ་དེ་གསུམ་པའི་མཚན་གཞི་ཡིན་ཏེ། དོན་བྱེད་ནུས་སྟོང་མི་རྟག་པ་དང་འགལ་བ་ཡིན་པའི་ཕྱིར། མིག་ཤེས་ཀྱི་བཟུང་བྱའི་རྟགས་ལས་སྒྲ་མི་རྟག་པར་འཛིན་པའི་བློ་དེ་བཞི་པའི་མཚན་གཞི་ཡིན་ཏེ། མིག་ཤེས་ཀྱི་བཟུང་བྱ་སྒྲ་མི་རྟག་པར་སྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། སྒྲ་མི་རྟག་པ་ཚད་མས་མ་ངེས་པའི་གང་ཟག་གི་རྒྱུད་ཀྱི་བྱས་པའི་རྟགས་ལས་སྒྲ་མི་རྟག་པར་འཛིན་པའི་བློ་དེ་ལྔ་བའི་མཚན་གཞི་ཡིན་ཏེ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྒྱུ་མཚན་ཡང་དག་ཡིན་ཡང། དེ་འདྲའི་གང་ཟག་གི་སྒྲ་མི་རྟག་པའི་རྒྱུ་མཚན་ཡང་དག་གཏན་ལ་མ་ཕེབས་པའི་ཕྱིར་ཞེས་གསུངས།
Domain ཚད་མ།

{{#arraymap:ཡིད་དཔྱོད་

|; |@@@ | | }}

ཡིད་དཔྱོད་ (2)
Part of speech མིང་ཚིག
Definition མྱོང་བ་དང་རྟེན་རྟགས་ཡང་དག་གང་རུང་ལ་མ་བརྟེན་པར་རང་ཡུལ་མཐའ་གཅིག་ཏུ་ངེས་པའི་ཞེན་རིག དེ་ལ་དབྱེ་ན། རྒྱུ་མཚན་འགལ་བའི་ཡིད་དཔྱོད། རྒྱུ་མཚན་མེད་པའི་དེ། རྒྱུ་མཚན་མ་ངེས་པའི་དེ། རྒྱུ་མཚན་མ་གྲུབ་པའི་དེ། རྒྱུ་མཚན་གཏན་ལ་མ་ཕབ་པའི་དེ་བཅས་ལྔ་ཡོད་དོ། །

{{#arraymap:ཡིད་དཔྱོད་

|; |@@@ | | }}